མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཐུས་མིས་བལྟས་ན་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་འདོད། 
2019.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཚོགས་ཚན་རིག་གི་སྤྱི་ཁྱབ་ལས་འཛིན་པའི་ལས་རོགས་ཨ་ཨར་ནཱ་ཧྲི་ཧྥུའུ་ཡིས་ཉེ་སྔོན་པེ་ཅིང་ནས་བསྟན་དོན། ཀྲུང་གོས་སྤེལ་བའི་ཨེ་ཤ་ཡཱའི་དཔལ་འབྱོར་གྲོས་མོལ་ཚོགས་ཆེན་དེ་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ་དང་། འཕར་སྣོན་དང་གསར་གཏོད། སྤྱི་ཚོགས་དར་རྒྱས་བཅས་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

ཨ་ཨར་ནཱ་ཧྲི་ཧྥུའུ་ཨེ་ཤ་ཡཱའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ལ་ཞུགས་སྐབས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོ་མོས་བཤད་རྒྱུར། ཚོགས་ཆེན་དེས་ཨེ་ཤ་ཡཱའི་དཔལ་ཡོན་བརྗེ་རེས་དང་དཔྱད་གཞིར་འཛིན་པ་དང་ཐུན་མོང་ལས་དབང་ཚོགས་པ་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད་ལ། དཔལ་ཡོན་གྱི་སྣ་མང་རང་བཞིན་དང་འདྲ་མཉམ་རང་བཞིན། བཟོད་སྒོམ་རང་བཞིན་བཅས་ནན་བཤད་བྱས་ཡོད། ང་རང་ཀྲུང་གོས་གྲོས་མོལ་ཁྲོད་འདོན་སྤེལ་བྱས་པའི་ནུས་པ་ཆེན་པོར་དགའ་སྤྲོ་སྐྱེས་ཡོད་ཟེར། 

ཨ་ཨར་ནཱ་ཧྲི་ཧྥུའུ་ཡིས་བཤད་རྒྱུར། ཨེ་ཤ་ཡཱའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ནི་མཚོན་བྱེད་དོན་སྙིང་ལྡན་པའི་རྒྱལ་སྤྱིའི་སྟོན་ཚོགས་ཆེན་པོ་ཞིག་རེད་ཟེར། 

ཨ་ཨར་ནཱ་ཧྲི་ཧྥུའུ་ཡི་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་ཀྲུང་གོའི་བར་གྲོགས་པོའི་འབྲེལ་བ་བརྟན་པོ་བཙུགས་ཡོད་པ་དང་། མཉམ་ལས་ཟབ་མོ་སྲུང་འཛིན་བྱས་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དར་གོས་ཚོང་ལམ་དང་འབྲེལ་བའི་ས་གཞིར་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།