དབྱི་རག་གིས་འཐུས་ཚབ་ཚོགས་པ་མངག་ནས་ཨ་མེ་རི་ཁ་དང་དབྱི་ལིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་རྒྱུ་རེད། 
2019.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། དབྱི་རག་གིས་འཐུས་ཚབ་ཚོགས་པ་མངག་ནས་ཨ་མེ་རི་ཁ་དང་དབྱི་ལིང་དུ་སོང་ནས། ཨ་མེ་རི་ཁ་དང་དབྱི་ལིང་བར་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར། 

ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་རག་གིས་ཨ་མེ་རི་ཁ་དང་དབྱི་ལིང་བར་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། དབྱི་རག་གིས་ཨ་མེ་རི་ཁ་དང་དབྱི་ལིང་གི་མཐོ་རིམ་མགོ་ཁྲིད་བར་འབྲེལ་འདྲིས་བྱས་ཏེ། ཨ་མེ་རི་ཁ་དང་དབྱི་ལིང་གིས་གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་བསྟན་དོན། ཐེངས་འདིའི་ཉམས་ཉེན་ཁྲོད་དབྱི་རག་ཕྱོགས་གང་རུང་དུ་ལངས་ནས་ཕྱོགས་གཞན་པར་ཁ་གཏད་འཇལ་མི་སྲིད་ལ། དབྱི་རག་གིས་ཨ་མེ་རི་ཁ་དང་དབྱི་ལིང་གི་བར་དུ་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པ་ཙམ་ཡིན་ཟེར། 

ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་འཐབ་འཁྲུག་སློང་འདོད་མེད་པའི་ཚུལ་བསྟན་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།