རྒྱ་གར་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། 
2019.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱ་གར་གྱི་ཆཱ་ཨར་ཁུན་ཏི་པང་ནས་ཚེས་བཅུ་ཉིན་གྱི་ཞོགས་པར་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉེར་ལྔར་རྨས་ཕོག་ཡོད་ཟེར། 

ཆཱ་ཨར་ཁུན་ཏི་པང་གི་ཧི་ཀྲ་ལི་པཱ་ཀི་ས་ཁུལ་དུ། བརྩེགས་རིམ་གཉིས་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་གི་འགག་ཟྭར་སྐྱོན་བྱུང་སྟེ། ཁ་གཏད་ཀྱི་རྣོ་སྐུད་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་པ་རེད་ཟེར། 

ཧི་ཀྲ་ལི་པཱ་ཀི་ས་ཁུལ་གྱི་ཉེན་རྟོག་པ་ཞིག་གིས་བདེན་དཔང་བྱས་དོན། དོན་རྐྱེན་དེ་ཚེས་བཅུ་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་རེད་ཟེར། མིག་སྔར་རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།