ནེའུ་ཙེ་ལན་གྱི་ཁི་མཱ་ཏི་ཁི་གླིང་ཚོམས་སུ་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་།
2019.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཀྲུང་གོའི་ས་འགུལ་བརྟག་དཔྱད་ཁང་གིས་ཚད་འཇལ་བྱུང་བ་ལྟར་ན། པེ་ཅིང་དུས་ཚོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་ང་ལྔའི་སྟེང་། ནེའུ་ཙེ་ལན་གྱི་ཁི་མཱ་ཏི་ཁི་གླིང་ཚོམས་སུ་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ཉི་ཤུ་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།