ཨེ་ཅིབ་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞི་ཚེ་ལས་འདས།
2019.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཨེ་ཅིབ་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞི་ཚེས་བཅུ་བདུན་ཉིན་རྒྱལ་ས་ཁེ་རོ་ནས་ཚེ་ལས་འདས་པ་དང་། ལོ་རེ་བདུན་རེད། 

ཨེ་ཅིབ་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། མུའུ་ཨར་ཞི་ཡིས་ཉིན་དེར་གསང་མྱུལ་བའི་གྱོད་དོན་ཅིག་གི་འདྲི་གཅོད་དང་ལེན་བྱེད་སྐབས་ཚེ་ལས་འདས་པ་རེད་ཟེར། 

བསྒྲགས་པ་ལྟར་ན། ཁྲིམས་རར་འདྲི་གཅོད་བྱེད་སྐབས་མུའུ་ཨར་ཞི་ཡིས་གཏམ་བཤད་སྤེལ་བའི་རེ་བ་བཏོན་པ་དང་ཁྲིམས་དཔོན་གྱི་ཆོག་མཆན་ཐོབ་རྗེས། ཁོ་རང་ཁྲིམས་ར་ནས་ལོག་སྟེ་སྨན་ཁང་དུ་བསྐྱལ་བ་རེད། རྒྱུ་མཚན་ནི་སྙིང་ནད་འཕར་བས་རེད་ཟེར། 

མུའུ་སི་ལིན་སྤུན་ཟླའི་ཚོགས་པ་ནས་ཡོང་བའི་མུའུ་ཨར་ཞི་ཡིས་ཉིས་སྟོང་བཅུ་གཉིས་ལོར་ཨེ་ཅིབ་ཀྱི་ཙུང་ཐུང་གི་འགན་ཁུར་བ་དང་། སྲིད་འཛིན་བྱས་ནས་ལོ་གཅིག་འགོར་རྗེས་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་རྔམ་སྟོན་ཁྲོམ་སྐོར་ཁྲོད་ཨེ་ཅིབ་དམག་ཕྱོགས་ཀྱིས་ཁོའི་ལས་འགན་བླངས་པ་རེད། མུའུ་ཨར་ཞི་ཡི་ལས་འགན་བླངས་རྗེས་མུའུ་སི་ལིན་སྤུན་ཟླའི་ཚོགས་པ་དེ་ཨེ་ཅིབ་དབང་འཛིན་ལས་ཁུངས་ཀྱིས་འཇིགས་སྐུལ་རྩ་འཛུགས་ཀྱི་མིང་ཐོའི་ནང་བཞག ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བར། ཨེ་ཅིབ་ཀྱི་ཆེས་མཐོའི་ཞུ་གཏུག་ཁྲིམས་ཁང་གིས་ཁཱ་ཐར་ལ་རྒྱལ་ཁབ་ཀྱི་གསང་བ་ཤོར་དུ་བཅུག་པའི་ཉེས་མིང་གིས་མུའུ་ཨར་ཞི་ལ་ལོ་ཉེར་ལྔའི་བཀག་འཇུག་ཁྲིམས་ཐག་བཅད་པ་དང་། ཞུ་གཏུག་བྱེད་མི་རུང་བ་གཏན་འཁེལ་བྱས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།