ཨ་ཧྥུའུ་ཧན་དུ་སྡོད་པའི་མཉམ་འབྲེལ་དམག་དཔུང་གིས་ཉུང་མཐར་ཡང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དགུ་བསད། 
2019.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁས་མགོ་ཁྲིད་པའི་ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཁཱ་ཏཱ་ཧཱ་ཞིང་ཆེན་གྱི་ཐཱ་ལེ་པན་དྲག་ཆས་པའི་སྦས་སྐོང་བྱེད་སར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་དགུ་བསད་ཟེར། 

ཁན་ཏཱ་ཧཱ་ཞིང་ཆེན་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཨ་ཀྲ་ཏི་ཡིས་བཤད་རྒྱུར། བར་སྣང་འཇབ་རྒོལ་དེ་ཁན་ཏཱ་ཧཱ་ཞིང་ཆེན་གྱི་ཧྲ་ཨ་ཝ་ལེ་ཁི་ཐི་ས་ཁུལ་ནས་སྤེལ་བ་དང་། བསད་པའི་དྲག་ཆས་ཉེས་ཅན་གྱི་གྲས་སུ་ས་དེའི་ཐཱ་ལེ་པན་གྱི་མགོ་བ་ཞིག་འདུས་པ་རེད་ཟེར། ཨ་ཀྲ་ཏི་ཡིས་ད་རུང་བསྟན་དོན། ཐཱ་ལེ་པན་གྱི་དྲག་ཆས་པར་དམིགས་པའི་བར་སྣང་འཇབ་རྒོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

མིག་སྔར་ཐཱ་ལེ་པན་དྲག་ཆས་པས་བར་སྣང་འཇབ་རྒོལ་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།