སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཕྱོགས་ཁག་སོ་སོའི་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན། 
2019.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཏཱ་ཁི་ལུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གིས་དབང་ཤུགས་བརྩོན་ལེན་བྱེད་མི་སྲིད་པ་དང་། ཆབ་སྲིད་ཕྱོགས་ཁག་གང་རུང་གཞན་ལ་མི་གཅོད་པའི་གནས་ཚུལ་འོག་གྲོས་མོལ་བྱེད་འདོད་ཡོད་ཟེར། 

ཏཱ་ཁི་ལུའུ་ཡིས་ཉིན་དེར་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ཡི་མང་ཚོགས་ཀྱི་འདུ་ཚོགས་ཤིག་གི་སྟེང་གཏམ་བཤད་སྤེལ་ཏེ། ང་ཚོས་གྲོས་མོལ་དང་ལེན་བྱེད་སྲིད་ཀྱང་། ང་ཚོས་སྲིད་ཏང་ཞིག་ལ་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་བརྒྱ་ཆའི་རེ་བདུན་གྱི་ལས་གནས་ཐོབ་པར་དང་ལེན་བྱེད་མི་སྲིད་ཟེར། 

ཏཱ་ཁི་ལུའུ་ཡིས་བསྐྱར་སྒྲོག་བྱས་དོན། སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཕྱོགས་ཁག་སོ་སོའི་བར་ལྟ་སྐྱོང་སྲིད་གཞུང་ཞིག་རྩ་འཛུགས་བྱེད་འདོད་ཡོད་ཟེར། ཁོས་བསྟན་དོན། སུའུ་ཏན་གྱི་མིག་སྔའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་ནི་རང་དབང་དང་དྲང་བདེན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་དེ་ཡིན་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།