ཕཱ་ལེ་སི་ཐན་གྱི་ཙུང་ཐུང་གིས་ཨ་མེ་རི་ཁ་ཕྱོགས་ཀྱི་དུས་རབས་གྲོས་མཐུན་ལ་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས། 
2019.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་འགུལ་སྐྱོད་ཧྥ་ཐཱ་ཧིའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ། 

ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་འགུལ་སྐྱོད་ཧྥ་ཐཱ་ཧིའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཞུགས། 

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ཉི་ཤུའི་ཉིན་བསྐྱར་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་མེ་རི་ཁས་བཏོན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་དུས་རབས་གྲོས་མཐུན་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཉིན་དེར་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་འགུལ་སྐྱོད་ཧྥ་ཐཱ་ཧིའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་གྲོས་ཚོགས་བསྡུས། ཨ་པཱ་སི་ཡིས་གྲོས་ཚོགས་སྟེང་བཤད་རྒྱུར། ཕཱ་ལེ་སི་ཐན་ཕྱོགས་ཀྱི་ལངས་ཕྱོགས་གཏན་ནས་འགྱུར་མྱོང་མེད་པ་དང་། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དུས་རབས་གྲོས་མཐུན་དང་ལེན་བྱེད་མི་སྲིད་པར་མ་ཟད། ཟླ་སྔོན་མར་པཱ་ལིན་གྱི་རྒྱལ་ས་མེད་ནཱ་མེད་ནས་སྤེལ་བའི་དཔལ་འབྱོར་ཞིབ་བསྡུར་ཚོགས་འདུར་ཡང་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཨ་པཱ་སི་ཡིས་ཚོགས་ཐོག་ནས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ལ་བརྒྱུད་སྤྲོད་བྱེད་པའི་ཚབ་བསྡུས་ཁྲལ་དངུལ་སྐོར་ཞིག་ཇེ་ཉུང་དུ་བཏང་བར་རྒོལ་གཏམ་བཏང་། ཁོས་བསྟན་དོན། གལ་ཏེ་དབྱི་སི་རལ་གྱིས་ཁྲལ་དངུལ་ཚང་མ་མ་སྤྲད་ན་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཁ་མི་ཚང་བའི་ཁྲལ་དངུལ་དང་ལེན་བྱེད་མི་སྲིད་ཟེར། 

དེའི་ཞོར་དུ་ཨ་པཱ་སི་ཡིས་དབྱི་སི་རལ་གྱིས་ཉེ་སྔོན་ཡེ་ལུའུ་སཱ་ལེམ་མཁར་རྙིང་ནས་གནའ་རྫས་སྔོག་འདོན་བྱས་པར་རྒོལ་གཏམ་བཏང་། ཁོས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་བཙན་བཟུང་བྱས་པའི་མངའ་ཁོངས་ནས་གནའ་རྫས་སྔོག་འདོན་བྱེད་པ་ནི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་པ་དང་། ང་ཚོས་དབྱི་སི་རལ་གྱི་མིས་ཕཱ་ལེ་སི་ཐན་གྱི་དུས་གཏན་གྱི་རྒྱལ་སར་གཏོང་བརླག་བྱེད་པར་ཁས་ལེན་གཏན་ནས་བྱེད་མི་སྲིད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།