ཨེ་ཅིབ་ཀྱིས་ཡང་བསྐྱར་བྲེལ་མྱུར་དོགས་ཟོན་རྣམ་པ་ཟླ་ངོ་གསུམ་གྱིས་ཇེ་རིང་དུ་བཏང་། 
2019.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 69

ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཉིན་དེར་ཙུང་ཐུང་བཀའ་རྒྱ་བཀོད་དེ། རྒྱལ་ཡོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པ་དེ་ཟླ་འདིའི་ཚེས་ཉེར་ལྔ་ཉིན་ནས་བཟུང་ཡང་བསྐྱར་ཟླ་ངོ་གསུམ་གྱིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས། 

ཙུང་ཐུང་གི་བཀའ་རྒྱ་ལྟར་ན། རྒྱལ་ཡོངས་ཁྱབ་ཁོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པའི་འོག ཨེ་ཅིབ་དམག་དཔུང་དང་ཉེན་རྟོག་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་མ་ཟད། སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།