ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར། 
2019.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཁི་ཏིས་ཡཱ་ཞིང་ཆེན་ལྟེ་གནས་ཀྱི་གྲོང་ཁྱེར་ཅཱ་ཏི་ཙི་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག

ཕཱ་ཁི་ཏིས་ཡཱ་ཞིང་ཆེན་གྱི་ས་གནས་དཔོན་རིགས་ཧཱ་སི་ལཱ་ཐི་ཡིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཕྱི་དྲོའི་དུས་ཚོད་བཞི་ཡས་མས་སུ་བྱུང་། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། བྱེ་བྲག་གི་ནང་དོན་དེ་རྟོག་ཞིབ་མཇུག་སྒྲིལ་རྗེས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 

ཕཱ་ཁི་ཏིས་ཡཱ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཐཱ་པཱ་སཱ་མུའུ་ཡིས་འཇབ་རྒོལ་དོན་རྐྱེན་དེར་བདེན་དཔང་བྱས་པར་མ་ཟད། འགད་རྫས་དེ་རླངས་འཁོར་སྟེང་དུ་སྒྲིག་སྦྱོར་བྱས་ཡོད་པ་དང་། རླངས་འཁོར་སྟེང་གི་མཐོ་རིམ་ཉེན་རྟོག་དཔོན་པོ་ཞིག་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།