ཨན་པའེ་ཅིན་སན་གྱིས་སྲིད་དབང་བཟུང་མེད་པའི་ཏང་ཁག་བར་མཉམ་འབྲེལ་བྱས་ཏེ་རྩ་ཁྲིམས་བཟོ་བཅོས་ལ་གྲོས་བསྡུར་བྱེད་འདོད་ཡོད་པ་རེད། 
2019.07.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

འཇར་པན་རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་གི་སྐབས་ཉེར་ལྔ་བའི་འདེམ་བསྐོའི་མཇུག་འབྲས་དེ་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་ཁྱབ་སྒྲོག་བྱས་པ་དང་། རང་དབང་དམངས་གཙོ་ཏང་དང་ཀུང་མེན་ཏང་སོགས་རྩ་ཁྲིམས་བཟོ་བཅོས་སྟོབས་ཤུགས་ལ་གྲོས་ཞུགས་ཁང་གི་སུམ་ཆའི་གཉིས་ཡན་གྱི་ལས་གནས་ཐོབ་མེད། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཉིན་དེའི་ཕྱི་དྲོར་ཏུང་ཅིན་ནས་བསྟན་དོན། སྲིད་དབང་བཟུང་མེད་པའི་ཏང་ཁག་བར་རྩ་ཁྲིམས་བཟོ་བཅོས་གནད་དོན་ལ་གྲོས་བསྡུར་བྱེད་འདོད་ཡོད་ཟེར། 

ཨན་པའེ་ཅིན་སན་གྱིས་ཏུང་ཅིན་དུ་ཡོད་པའི་འཇར་པན་རང་དབང་དམངས་གཙོ་ཏང་གི་སྤྱི་ཁྱབ་པུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ནས་སོ་སོར་སུམ་ཆའི་གཉིས་ཡན་གྱི་ལས་གནས་ཐོབ་པར་དཀའ་ཁག་ཧ་ཅང་ཆེ་ཡང་། ང་ཚོས་སྲིད་དབང་བཟུང་ཡོད་མེད་ཀྱི་ཏང་ཁག་བར་གྱི་བར་མཚམས་བརྒལ་ནས་སུམ་ཆའི་གཉིས་ཡན་གྱི་གྲོས་མི་ཡིད་འཐད་འབྱུང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གཏན་འབེབས་བྱེད་དགོས་ཟེར། 

འཇར་པན་གུང་ཁྲན་ཏང་དང་ཁྲིམས་འཛུགས་དམངས་གཙོ་ཏང་སོགས་སྲིད་དབང་བཟུང་མེད་པའི་ཏང་ཁག་གི་མགོ་ཁྲིད་པས་བསྟན་དོན། རྩ་ཁྲིམས་བཟོ་བཅོས་སྟོབས་ཤུགས་ལ་གྲོས་ཞུགས་ཁང་ནས་ལས་གནས་འདང་ཚིམས་པ་མ་ཐོབ་པ་ལས། འཇར་པན་མང་ཚབོགས་ཀྱིས་རྩ་ཁྲིས་བཟོ་བཅོས་ལ་ངོ་རྒོལ་བྱེད་བཞིན་པ་མཚོན་ཡོད་ཟེར། 

འཇར་པན་གྱི་བཅའ་ཁྲིམས་ལྟར་ན། རྩ་ཁྲིམས་བཟོ་བཅོས་བྱེད་པར་རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ནས་སོ་སོར་སུམ་ཆའི་གཉིས་ཡན་གྱི་གྲོས་མིའི་རྒྱབ་སྐྱོར་ཐོབ་དགོས་པ་དང་། རྩ་ཁྲིམས་བཟོ་བཅོས་བྱེད་མགོ་བརྩམས་རྗེས་མཇུག་མཐར་རྒྱལ་དམངས་ལ་སྤྲད་དེ་བརྡས་ཐག་གཅོད་དུ་འཇུག་དགོས་ལ། ཕྱེད་ཀའི་ཡན་གྱི་རྒྱབ་སྐྱོར་ཐོབ་ན་ད་གཟོད་གྲོས་འཆམ་འབྱུང་སྲིད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།