ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་འཇར་པན་དུ་འཚམས་འདྲི་བྱས། 
2019.07.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་ཚེས་ཉེར་གཉིས་ཉིན་འཇར་པན་དུ་འཚམས་འདྲི་བྱས་པ་དང་། འཇར་པན་གྱི་རྒྱལ་ཁབ་བདེ་འཇགས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་ཀུའུ་ནེ་ཀྲིན་ཐེ་ལིང་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་གྲོས་གཞི་མང་བོའི་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་བསྡུར་བྱས། 

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་ནེ་ཀིའི་དཔོན་ཕྱོགས་ཀྱི་མགྲིན་ཚབ་པ་ཅན་དབྱེ་ཝེ་ཡིས་ཚེས་ཉེར་གཉིས་ཉིན་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། པའོ་ཨར་ཏོན་དང་ཀུའུ་ནེ་ཀྲིན་ཐེ་ལིང་གཉིས་ཀྱིས་ཉིན་དེའི་སྔ་དྲོར་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་གྲོས་མོལ་བྱས་ཟེར། ཅན་དབྱེ་ཝེ་ཡིས་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད། བསྒྲགས་པ་ལྟར་ན། པའོ་ཨར་ཏོན་གྱིས་གྲོས་མོལ་བྱས་རྗེས་ཕྱོགས་གཉིས་ཀྱིས་གྲོས་གཞིར་མང་བོའི་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་བསྡུར་བྱས་ཡོད་ཟེར། 

ཉེ་སྔོན། ཨ་མེ་རི་ཁ་ཡིས་དམངས་སྤྱོད་གྲུ་གཟིངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་རྒྱུ་མཚན་དུ་བྱས་ཏེ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་བྱས་ནས་ཧའོ་ཨར་མུའུ་ཙི་མཚོ་འགག་སོགས་ས་ཁོངས་ནས་མཉམ་འབྲེལ་སྐོར་ཞིབ་བྱ་བ་སྤེལ་འདོད་པ་དང་། རྒྱལ་ཁབ་མང་བོར་ཨ་མེ་རི་ཁས་བཏང་བའི་གདན་ཞུ་འབྱོར་ཡོད་པ་རེད། འཇར་པན་གྱི་གསར་འགྱུར་ལས་རིགས་ཀྱིས་དབྱེ་ཞིབ་བྱས་པ་ལས། ཨ་མེ་རི་ཁ་ཕྱོགས་ཀྱིས་འཇར་པན་མནའ་མཐུན་དེའི་ནང་ཞུགས་པར་འབོད་སྐུལ་གཏོང་མིན་དེ་གྲོས་མོལ་གྱི་ནང་དོན་གཙོ་བོ་ཡིན་སྲིད་པར་འདོད། 

བསྒྲགས་པ་ལྟར་ན། སྲིད་གཞུང་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། པའོ་ཨར་ཏོན་གྱིས་ཉིན་དེར་འཇར་མན་གྱི་དབུ་བཞུགས་བློན་ཆེན་ཧི་ཡེ་ཐེ་ལིང་དང་མཉམ་དུ་དབྱི་ལིང་གི་གནད་དོན་ལ་གྲོས་བསྡུར་བྱས། ཨ་མེ་རི་ཁས་ཧའོ་ཨར་མུའུ་ཙི་མཚོ་འགག་ནས་རྒྱལ་ཁབ་མང་བོའི་བར་མཉམ་འབྲེལ་བྱས་ཏེ་སྐོར་ཞིབ་བྱེད་འདོད་པའི་གནད་དོན་ཐད་ནས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་གཅིག་ཉིན་བསྟན་དོན། འཇར་པན་གྱིས་ཐོག་མར་ཨ་མེ་རི་ཁའི་འདོད་ཚུལ་ཅི་ཡིན་པར་རྒྱུས་ལོན་བྱེད་རྒྱུ་ཡིན་ཟེར། 

པའོ་ཨར་ཏོན་གྱིས་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་ཧན་གོར་འཚམས་འདྲི་བྱེད་རྒྱུ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།