པའོ་ལེ་ཝེ་ཡཱའི་ལྷོ་ནུབ་ས་ཁུལ་ནས་རླངས་འཁོར་གཉིས་ཐོ་བརྒྱབ་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། 
2019.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

པའོ་ལེ་ཝེ་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ཨོ་ལུའུ་ལོ་ཞིང་ཆེན་དུ་ཚེས་བཅུ་གཉིས་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་། དངོས་སྐྱེལ་རླངས་འཁོར་ཞིག་དང་སྤྱི་སྤྱོད་རླངས་འཁོར་ཆུང་བ་ཞིག་ཐོ་བརྒྱབ་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཟེར། 

ཨོ་ལུའུ་ལོ་ཞིང་ཆེན་འགྲིམ་འགྲུལ་ཅུའུ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་དེ་ཨོ་ལུའུ་ལོ་ཞིང་ཆེན་མངའ་ཁོངས་ཀྱི་གཞུང་ལམ་ཞིག་གི་སྟེང་བྱུང་བ་དང་། གཏེར་ཁ་སྐྱེལ་འདྲེན་བྱེད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ལྡོག་ཕྱོགས་ཀྱི་ལམ་དུ་ཞུགས་ནས། རྒྱུན་ལྡན་ལྟར་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཆུང་བ་ཞིག་ལ་ཐོ་བརྒྱབ་སྟེ། སྤྱི་སྤྱོད་རླངས་འཁོར་སྟེང་གི་འགྲུལ་བ་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། རླངས་འཁོར་གཉིས་ཀྱི་ཁ་ལོ་བར་རྨས་ཕོག་ཟེར། 

ཁ་ལོ་བ་གཉིས་ཀྱིས་ཉེན་རྟོག་ཕྱོགས་ཀྱི་ལྟ་རྟོག་འོག་ཉེ་འདབས་ཀྱི་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱི་འདྲི་གཅོད་དང་ལེན་བྱེད་རྒྱུ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།