དབྱི་རག་གི་རྒྱལ་ས་ནས་དམག་ཆས་མཛོད་ཁང་ཞིག་ལ་འགས་གཏོར་བྱུང་ནས་མི་སོ་དྲུག་ལ་ཤི་རྨས་ཐེབས། 
2019.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྟན་དོན། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་ལྷོ་ཕྱོགས་ཀྱི་དམག་ཆས་མཛོད་ཁང་ཞིག་ལ་ཉིན་དེའི་དགོང་མོར་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སེར་དཀྱུས་མ་དང་བདེ་འཇགས་མི་སྣ་སོ་ལྔར་རྨས་ཕོག་ཟེར། 

དབྱི་རག་འཕྲོད་བསྟེན་པུའུ་ཡི་མགྲིན་ཚབ་པ་པཱ་ཏི་ཨར་གྱིས་ཉིན་དེའི་དགོང་མོར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དམག་ཆས་མཛོད་ཁང་གི་འགས་གཏོར་ལས་མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སེར་དཀྱུས་མ་ཉེར་དགུར་རྨས་ཕོག་ཡོད། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། རྨས་མ་མང་ཆེ་བའི་རྨས་སྐྱིན་ཚབས་ཆེན་མིན་ཟེར། 

དབྱི་རག་ནང་སྲིད་པུའུ་ཡི་དཔོན་པོ་ཞིག་གིས་ཉིན་དེའི་དགོང་མོར་གསར་འགོད་པར་བསྟན་དོན། འགས་གཏོར་དོན་རྐྱེན་དེ་ལས་དམག་ཆས་མཛོད་ཁང་ཡོད་སའི་རྟེན་གཞིའི་ནང་གི་དབྱི་རག་གི་བདེ་འཇགས་མི་སྣ་དྲུག་ལ་རྨས་ཕོག་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།