མའོ་ཞི་ཁོའི་ཙུང་ཐུང་གིས་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན། 
2019.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

མའོ་ཞི་ཁོའི་ཙུང་ཐུང་ལོ་ཕའེ་སི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། མའོ་ཞི་ཁོ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་བར་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

ལོ་ཕའེ་སི་ཡིས་ཉིན་དེར་མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་གྱི་རྒྱལ་དམངས་མཁར་ནས་མའོ་ཞི་ཁོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཆིན་ཆའོ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས། ལོ་ཕའེ་སི་ཡིས་ཆིན་ཆའོ་ཡིས་གསར་དུ་འགན་ཁུར་བར་རྟེན་འབྲེལ་ཞུས་པ་དང་། ཁོས་བསྟན་དོན། མའོ་ཞི་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་བོར་མཛའ་མཐུན་འགྲོ་འོང་དང་གཉིས་ཕན་མཉམ་ལས་སྲུང་འཛིན་བྱས་ཤིང་། མཛའ་བརྩེའི་རྩ་བ་བརྟན་ལ་མཉམ་ལས་ཀྱི་སྦས་ཤུགས་ཆེ་ཟེར། 

ལོ་ཕའེ་སི་ཡིས་བསྟན་དོན། མའོ་ཞི་ཁོ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། དངུལ་གཏོང་དང་། ཉོ་ཚོང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།