དབྱི་ལིང་གི་དམངས་སྤྱོད་རྩལ་ཁྲིད་པའི་གནམ་གྲུ་ཞིག་སར་ལྷུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར། 
2019.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། དམངས་སྤྱོད་རྩལ་ཁྲིད་པའི་གནམ་གྲུ་ཞིག་ཉིན་དེར་དབྱི་ལིང་བྱང་ཕྱོགས་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་གཉིས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར། 

དོན་རྐྱེན་བྱུང་ས་དེ་ནི་དབྱི་ལིང་བྱང་ཕྱོགས་ཀྱི་སེ་མུའུ་ནན་ཞིང་ཆེན་དུ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་གཉིས་ནི་སོ་སོར་འཕུར་རྩལ་གྱི་ཁྲིད་སྟོན་པ་དང་སློབ་མ་རེད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་དེའི་འབྱུང་རྐྱེན་ནི་འཕྲུལ་ཆས་ལས་ཆག་སྐྱོན་བྱུང་བ་ཡིན་སྲིད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།