ཧིན་རྡུ་ཉི་ཞི་ཡཱའི་གྲུ་གཟིངས་ཤིག་ལ་མེ་སྐྱོན་བྱུང་ནས་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་གར་སོང་མ་རྙེད། 
2019.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་སྔོག་སྐྱོབ་ཅུའུ་ཡི་དཔོན་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། གྲུ་གཟིངས་ཞིག་ལ་ཉིན་དེའི་ཞོགས་པར་ཧིན་རྡུ་ཉི་ཞི་ཡཱའི་ཤར་ལྷོའི་ཕྱོགས་ཀྱི་སུའུ་ལཱ་ཝེ་ཞི་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་ནས་མེ་སྐྱོན་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་གར་སོང་རྙེད་མེད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་སྔོག་སྐྱོབ་ཅུའུ་ཡི་མགྲིན་ཚབ་པ་ལཱ་ཐིས་ཧྥུའུ་ཡིས་གསར་འགོད་པར་བཤད་རྒྱུར། གྲུ་གཟིངས་དེ་ཤར་ལྷོའི་ཕྱོགས་ཀྱི་སུའུ་ལཱ་ཝེ་ཞི་ཞིང་ཆེན་གྱི་ཁུན་ཏཱ་ལི་གྲོང་ཁྱེར་ནས་སུའུ་ལཱ་ཝེ་ཞི་ཞིང་ཆེན་དབུས་ཕྱོགས་ཀྱི་མའོ་ལོ་ཝ་ལེ་རྫོང་དུ་བགྲོད་བཞིན་ཡོད། ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་གྲུ་གཟིངས་དེ་ཤར་ལྷོའི་ཕྱོགས་ཀྱི་སུའུ་ལཱ་ཝེ་ཞི་ཞིང་ཆེན་གྱི་ནཱ་ཝེ་རྫོང་གི་མཚོ་ཁོངས་སུ་བགྲོད་སྐབས་གློ་བུར་དུ་མེ་སྐྱོན་བྱུང་། མེ་སྐྱོན་དེ་མྱུར་མོར་རྒྱ་ཡན་དུ་སོང་བས་འགྲུལ་བ་དག་ལང་ལོང་སྒོས་སྲོག་ཉེན་ལས་ཐར་བར་བརྩོན་ལེན་བྱས། གྲུ་གཟིངས་སྟེང་གི་ལས་བྱེད་མི་སྣས་མེ་གསོད་རྩིས་བྱས་ཀྱང་ཕན་ཐོགས་མ་བྱུང་། མེ་ཆེན་དེ་རྗེས་སུ་གྲུ་གཟིངས་གཞན་པ་ཞིག་རོགས་རམ་འོག་གསོད་ཐུབ་པ་བྱུང་ཟེར། 

ལཱ་ཐིས་ཧྥུའུ་ཡིས་བཤད་རྒྱུར། མིག་སྔའི་བར་དོན་རྐྱེན་དེ་ལས་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་གཉིས་འདུས། རྒུད་སྐྱོབ་མི་སྣས་མི་རེ་གཅིག་བསྐྱབས་པ་དང་། རྒྱལ་ཁབ་སྔོག་སྐྱོབ་ཅུའུ་དང་ས་གནས་ཉེན་རྟོག་པ། དང་བླངས་མཁན་བཅས་ཀྱིས་གྲུབ་པའི་རྒུད་སྐྱོབ་རུ་ཁག་གིས་གར་སོང་མ་རྙེད་པའི་མི་དག་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།