ཀྲུང་གོ་དང་ལའོ་ཝའོ་ཡི་ཉིས་སྟོང་བཅུ་དགུ་ལོའི་ཞི་བདེའི་མེ་འཁོར་ཞེས་པའི་དམག་དོན་སྦྱོང་བརྡར་གྱིས་ལེགས་སྒྲིག་སྦྱོང་བརྡར་སྤེལ། 
2019.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཀྲུང་གོ་དང་ལའོ་ཝའོ་ཡི་ཉིས་སྟོང་བཅུ་དགུ་ལོའི་ཞི་བདེའི་མེ་འཁོར་ཞེས་པའི་མི་ཆོས་རིང་ལུགས་ཀྱི་གསོ་རིག་རྒུད་སྐྱོབ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་དང་སྨན་བཅོས་ཞབས་ཞུའི་བྱ་འགུལ་དེ་ཚེས་བཅུ་བདུན་ཉིན་ལེགས་སྒྲིག་སྦྱོང་བརྡར་གྱི་དུས་རིམ་དུ་བསླེབས། ཀྲུང་གོ་དང་ལའོ་ཝའོ་ཕྱོགས་གཉིས་ཀྱིས་སྦྱོང་བརྡར་ཇུས་འགོད་དང་། འགུལ་སྐྱོད་བཀོད་སྒྲིག མི་སྣའི་སྒྲིག་འཛུགས། རྒུད་སྐྱོབ་བྱ་བ། རྒྱུ་དངོས་འགན་སྲུང་སོགས་ལས་རིམ་སོ་སོ་དང་བརྒྱུད་རིམ་སོ་སོར་རིམ་བཞིན་མཉམ་འབྲེལ་སྦྱོང་བརྡར་བྱས། 

ཐེངས་འདིའི་མཉམ་འབྲེལ་སྦྱོང་བརྡར་ནི་འདམ་གསེག་གི་གནོད་འཚེའི་མི་ཆོས་རིང་ལུགས་ཀྱི་གསོ་རིགས་རྒུད་སྐྱོབ་བརྗོད་སྙིང་དུ་བྱས་ཡོད་པ་དང་། ཝན་ཞན་ལའོ་ཝའོ་དམག་ཚོགས་ཀྱི་སྦྱོང་བརྡར་ར་བ་ནས་སྤེལ་མགོ་བརྩམས། དམག་དཔུང་གཉིས་ཀྱི་དཔོན་དམག་ལྔ་བརྒྱ་ཙམ་སྦྱོང་བརྡར་ལ་ཞུགས། སྦྱོང་བརྡར་དེ་ཆུ་ལོག་གི་གནོད་འཚེ་ཆེན་པོ་ལས་རྫས་འགྱུར་བཟོ་གྲྭར་གཏོར་བརླག་ཐེབས་པ་རྒྱབ་ལྗོངས་སུ་བྱས་ཏེ། གཙོ་བོ་གཡུལ་སའི་ཁོར་ཡུག་གི་ལད་བཟོའི་གཤགས་བཅོས་དང་། གཡུལ་སའི་ཁྲག་བརྒྱག རྨས་མ་ཚབས་ཆེན་གྱི་སྐྱེལ་འདྲེན་སོགས་དངོས་འཐབ་ཅན་གྱི་སྦྱོང་བརྡར་རྣམ་གྲངས་མང་བོ་འབུར་དུ་ཐོན་པར་བྱས་ཡོད། 

ལའོ་ཝའོ་མི་དམངས་དམག་དཔུང་གི་སྤྱི་ཁྱབ་མཁོ་སྒྲུབ་པུའུ་ཡི་པུའུ་ཀྲང་ཝུན་ཁང་གིས་བསྟན་དོན། ལའོ་ཝའོ་དང་ཀྲུང་གོའི་ཞི་བདེའི་མེ་འཁོར་ཞེས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་ལས་དམག་དཔུང་གཉིས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ཡོད། མ་འོངས་པར་ལའོ་ཝའོ་དང་ཀྲུང་གོའི་དམག་དཔུང་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འཕྲོད་བསྟེན་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ལག་རྡང་མཉམ་སྦྲེལ་གྱིས་ཞི་བདེའི་མེ་འཁོར་ཞེས་པའི་ཚོང་རྟགས་གསར་སྐྲུན་བྱེད་དགོས་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།