མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པས་ཁཱ་པོར་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་། 
2019.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 57

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནུབ་ངོས་ནས་བྱུང་བའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཨ་ཧྥུའུ་ཧན་གནད་དོན་གྱི་དམིགས་བསལ་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པའི་འགན་ཁུར་བའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྲན་པིན་ཀྲུང་ཐུང་གིས་གསལ་སྒྲོག་ནང་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། ངེས་པར་དུ་ད་ཡོད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོ་བའི་འབྲེལ་ཡོད་མི་སྣ་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན། 

ཧྲན་པིན་ཀྲུང་ཐུང་གིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥུའུ་ཧནམི་དམངས་བར་མཐུན་སྒྲིལ་བྱས་ཏེ། མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།