ཨ་མེ་རི་ཁ་དང་རྒྱ་གར་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 
2019.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིན་དེར་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་ཁ་པར་བཏང་སྟེ་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ཕོ་བྲང་དཀར་པོས་ཉིན་དེར་སྤེལ་སྒྲོག་སྤེལ་ཏེ། ཐི་ལིང་ཕུའུ་ཡིས་ཁ་པར་གཏོང་སྐབས་རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་མིག་སྔའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་གླེང་། ཁོ་གཉིས་ཀྱིས་ད་རུང་ཇི་ལྟར་ཉོ་ཚོང་རྒྱ་བསྐྱེད་ལ་བརྟེན་ནས་ཨ་མེ་རི་ཁ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བར་ཤུགས་སྣོན་པའི་གནད་དོན་ལ་གྲོས་བསྡུར་བྱས། 

ཕོ་བྲང་དཀར་པོས་དེའི་སྔོན་གྱི་གསལ་སྒྲོག་ལྟར་ན། ཐི་ལིང་ཕུའུ་ཡིས་ཚེས་བཅུ་དྲུག་ཉིན་ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་མིག་སྔའི་རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་ཛ་དྲག་གི་འབྲེལ་བའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ཉེ་སྔོན། ཁི་ཧྲི་མུས་ཨར་ས་ཁུལ་གྱི་གནས་བབ་ཛ་དྲག་ཡིན་པ་དང་། རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་དམག་དཔུང་གིས་ཁི་ཧྲི་མུས་ཨར་གྱི་རྒྱལ་མཚམས་ཉེ་འདབས་སུ་འཁྲུག་རྩོད་ཐེངས་མང་བྱས། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།