ཟླ་བརྒྱད་པའི་ཚེས་བཅུ་དགུའི་ཉིན། ཧྥུན་ལན་གྱི་ཧི་ཨར་ཞིན་ཅི་ནས། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།
ཧྥུན་ལན་དུ་འཚམས་འདྲི་བྱེད་བཞིན་པའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་ཧི་ཨར་ཞིན་ཅི་ནས་བསྟན་དོན། དབྱི་ལིང་གིས་སྔར་བཞིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བརྩི་སྲུང་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོའི་བར་གྲོས་མོལ་བྱེད་འདོད་ཡོད་ཟེར།
ཀྲ་ལི་ཧྥུའུ་ཡིས་ཉིན་དེར་ཧྥུན་ལན་གྱི་ཕྱི་འབྲེལ་བློན་ཆེན་ཧཱ་ཝེ་སི་ཐའོ་དང་གྲོས་མོལ་བྱས་རྗེས་སྤེལ་བའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གིས་ཉིས་སྟོང་བཅོ་ལྔ་ལོར་དབྱི་རག་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་འགོད་སྐབས། མཉམ་ལས་ཀྱི་རེ་འདུན་གསལ་བོར་བསྟན་ཡོད་དེ། ཨ་མེ་རི་ཁ་ཕྱོགས་གཅིག་ནས་གྲོས་མཐུན་ལས་ཕྱིར་བུད་ཀྱང་། དབྱི་ལིང་གིས་སྔར་བཞིན་མུ་མཐུད་དུ་གྲོས་མཐུན་གྱི་ནང་དོན་བརྩི་སྲུང་བྱེད་རྒྱུ་ཡིན་ཟེར།
ཧྥུན་ལན་སྨྱན་བྱད་ཀྱིས་ཧྥུན་ལན་གྱིས་བར་འདུམ་བྱེད་ཐུབ་མིན་འདྲི་སྐབས། ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། གྲོས་མོལ་གྱི་སྒོ་མོ་བརྒྱག་བཞིན་ཡོད་ཀྱང་། གལ་ཏེ་བར་འདུམ་གྱི་གོ་སྐབས་ཡོད་ན། ཐོག་མར་ཨ་མེ་རི་ཁ་གྲོས་མོལ་དུ་ཞུགས་སུ་འཇུག་དགོས་ཟེར།
ཀྲ་ལི་ཧྥུའུ་ཡིས་བསྟན་དོན། ཉིས་སྟོང་བཅོ་ལྔ་ལོར་བཀོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་གྲོས་མཐུན་བཟང་བོ་ཞིག་ཡིན་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་གིས་བརྩི་སྲུང་བྱ་དགོས་ཟེར། ཁོས་བལྟས་ན། ཡང་བསྐྱར་གྲོས་མོལ་བྱས་ཀྱང་ཕན་འབྲས་ཐེངས་སྔོན་མ་ལས་བརྒལ་ཐུབ་པའི་ངེས་པ་མེད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།