​ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ཐེངས་དགུ་བ་པེ་ཅིང་ནས་སྤེལ།
2019.08.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ཐེངས་དགུ་བ་ཚེས་ཉེར་གཅིག་ཉིན་པེ་ཅིང་ནས་སྤེལ། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་དང་། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་གྲོས་ཚོགས་ལ་ཞུགས། 

ཝང་དབྱེ་ཡིས་བསྟན་དོན། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་དེ་རྒྱུན་ཆད་མེད་པར་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་སོང་ན། མཉམ་ལས་ད་གཟོད་ཇེ་བཟང་དུ་འགྲོ་སྲིད། ཁེ་ཕན་མཉམ་འདྲེས་ལ་ཤུགས་སྣོན་བྱས་ན། ད་གཟོད་སྒུལ་ཤུགས་ཆེན་པོ་ལྡན་སྲིད། འགལ་བ་ཐག་གཅོད་བཟང་བོ་བྱས་ན་ད་གཟོད་མཉམ་ལས་ཀྱི་ཆེ་ཕྱོགས་ལ་འགན་སྲུང་བྱེད་ཐུབ་ཟེར། 

ཁང་ཅིན་ཧི་དང་ཧི་ཡེ་ཐེ་ལིང་གིས་བསྟན་དོན། རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་དགོས་ཟེར། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་སྤེལ་ཏེ་རྒྱལ་ཁབ་གསུམ་གྱི་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་སྤེལ་བར་སྐུལ་འདེད་བཏང་། 

ཕྱོགས་གསུམ་གྱིས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པར་གྲ་སྒྲིག་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་བྱུང་།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།