​ཨར་ཅི་རི་ཡཱ་ནས་རོལ་དབྱངས་ཚོགས་འདུའི་སྟེང་རྡོག་བརྫིས་དོན་རྐྱེན་བྱུང་ནས་མི་ལྔ་རྐྱེན་ལམ་དུ་ཤོར།
2019.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་ཉེར་གཉིས་ཉིན་གྱི་དགོང་མར་ཨར་ཅི་རི་ཡཱའི་རྒྱལ་ས་ཨར་ཅིར་ནས་སྤེལ་བའི་རོལ་དབྱངས་ཚོགས་འདུ་ཞིག་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བཞིར་རྨས་ཕོག 

ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཨར་ཅི་རི་ཡཱའི་ལུས་རྩལ་ར་བ་ཞིག་ཏུ་གླུ་བ་ཞིག་གིས་གླུ་དབྱངས་ཚོགས་འདུ་བསྡུས་པ་དང་། ལྟད་མོ་བ་ཁྲི་གསུམ་ལྷག་ལུས་རྩལ་ར་བ་དེར་འཚོམས་ཡོད། གླུ་དབྱང་ཚོགས་འདུ་མགོ་མ་བརྩམས་གོང་། ནང་དུ་སོང་སའི་སྒོ་ཁ་ཞིག་ནས་རྡོག་བརྫིས་དོན་རྐྱེན་བྱུང་བ་རེད། 

དོན་རྐྱེན་བྱུང་རྗེས། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས། ཨར་ཅིར་མུའུ་སི་ཐཱ་ཧྥ་སྨན་ཁང་གི་འགན་ཁུར་བ་ཞིག་གིས་ཚེས་ཉེར་གསུམ་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། མིག་སྔར་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོག་ཡོད། གཞན་ཡང་རྨས་མ་བདུན་ལ་སྨན་ཁང་གཞན་པར་གསོ་བཅོས་བྱེད་བཞིན་ཡོད་ཟེར། ཁོ་ཚོའི་ལོ་ཚོད་ནི་ལོ་བཅུ་བདུན་ནས་ཉེར་གསུམ་བར་རེད་ཟེར།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།