​སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་གྲོང་སྡེ་མང་བོ་ཕྱིར་འཕྲོག་ལེན་བྱས།
2019.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཚོད་འཛིན་བྱེད་པའི་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་གྲོང་སྡེ་མང་བོ་ཕྱིར་འཕྲོག་ལེན་བྱས་ཡོད་པ་ཁྱབ་སྒྲོག་བྱས། 

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་ཧཱ་མཱ་ཞིང་ཆེན་གྱི་བྱང་ཕྱོགས་དང་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་ལྷོ་ཕྱོགས་ས་ཁུལ་དུ་ཆམ་ཕབ་འགུལ་སྐྱོད་སྤེལ་ནས། མིག་སྔར་ཧན་ཞེ་ཧོང་དང་མའོ་ལོས་ཁི། ལཱ་ཐཱ་མུས་ནཱ་སོགས་གྲོང་སྡེ་མང་བོའི་འཇིགས་སྐུལ་རིང་ལུགས་ཚར་གཅོད་བྱས་ཡོད་པ་དང་། ད་ལྟ་ས་ཁུལ་དེའི་འགས་གཏོར་དངོས་རྫས་གཙང་སེལ་བྱེད་པའི་བྱ་བ་སྤེལ་བཞིན་ཡོད། 

སི་རི་ཡཱའི་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་ཐུར་ཁེའི་ལྟ་ཞིབ་ས་ཁུལ་ཉེ་འདབས་ཀྱི་མའོ་ལོས་ཁི་གྲོང་རྡལ་དུ་སོང་བ་དང་། ཐུར་ཁེའི་ལྟ་ཞིབ་བྱེད་སའི་བར་རྨིད་ལྔ་བརྒྱ་ཙམ་ལས་མེད་ཟེར། 

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཧཱ་མཱ་ཞིང་ཆེན་བྱང་ཕྱོགས་ཀྱི་ས་ཁུལ་རེ་འགའ་ཕྱིར་འཕྲོག་ལེན་བྱས་རྗེས། ཐུར་ཁེའི་ས་ཁུལ་དེ་ནས་ལྟ་ཞིབ་བྱེད་ས་གཅིག་ལ་སི་རི་ཡཱའི་སྲིད་གཞུང་མག་དཔུང་གིས་བཀག་སྡོམ་བྱས་ཡོད་ཟེར།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།