​སི་རི་ཡཱའི་རྒྱལ་སའི་ཉེ་འཁོར་ས་ཁུལ་དུ་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཐེབས།
2019.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་དུ་ཚེས་ཉེར་བཞིའི་ཉིན་གྱི་ནམ་གུང་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་འཕུར་མདའ་སྐོར་ཞིག་བཀག་ཡོད་ལ། མིག་སྔར་མི་སྣར་ཤི་རྨས་ཐེབས་པའི་སྙན་ཞུ་སྤེལ་མེད་ཟེར། 

སི་རི་ཡཱའི་མཁའ་སྲུང་མ་ལག་གིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུའི་སྟེང་ཀི་ལན་མཐོ་སྒང་ནས་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་དུ་གཏོང་འཕེན་བྱས་པའི་དབྱི་སི་རལ་གྱི་འཕུར་མདའ་འགའ་མཐོང་ནས་མྱུར་དུ་བཀག་འགོག་བྱས། འཕུར་མདའ་དེ་དག་དམིགས་འབེན་ལ་མ་ཕོག་གོང་གཏོང་བ་རེད་ཟེར། 

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ལྔ་བཅུའི་ཡས་མས་བར་འགོར་བ་དང་། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་ལྷོ་ཕྱོགས་ས་ཁུལ་ནས་འཕུར་མདའ་སྐོར་ཞིག་བཀག་པ་རེད། 

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་བཞིའི་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། འཐབ་འཛིང་གནམ་གྲུ་ཡིས་ཏཱ་མཱ་ཧྲི་ཀིའི་ལྷོ་ཕྱོགས་ཀྱི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱ་རུ་ཡོད་པའི་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་དང་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་པ་གཞན་པས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་དབྱི་སི་རལ་གྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་འཆར་གཞི་དེར་བཀག་འགོག་བྱས་ཟེར།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།