​ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིས་ཉོ་ཚོང་འཐབ་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2019.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཡིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། ཉོ་ཚོང་འཐབ་འཁྲུག་ངེས་པར་དུ་འཚམས་འཇོག་དགོས། གལ་ཏེ་ཨ་མེ་རི་ཁས་ཆབ་སྲིད་ཀྱི་དམིགས་ཡུལ་དབང་གིས་སྒོ་ཁྲལ་བེད་སྤྱོད་བྱས་ན། འཛམ་གླིང་ཡོངས་ལ་གནོད་པ་ཐེབས་སྲིད་ཟེར། 

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་མགོ་མ་བརྩམས་གོང་གི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཐུའུ་སི་ཁི་ཡིས་བཤད་རྒྱུར། ཉོ་ཚོང་གྲོས་མཐུན་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་དེ་ཉོ་ཚོང་འཐབ་འཁྲུག་ལས་བཟང་། ཉོ་ཚོང་འཐབ་འཁྲུག་གིས་ཉམས་རྒུད་དུ་འགྲོ་སྲིད་པ་དང་། ཉོང་གྲོས་མཐུན་གྱིས་དཔལ་འབྱོར་ལ་ཡར་སྐུལ་བྱེད་སྲིད་ཟེར། 

ཐུའུ་སི་ཁི་ཡིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཆབ་སྲིད་ཀྱི་དམིགས་ཡུལ་དབང་གིས་སྒོ་ཁྲལ་བེད་སྤྱོད་བྱས་ན། ཡོ་རོབ་གླིང་མནའ་འབྲེལ་དང་བཅས་པའི་འཛམ་གླིང་ཡོངས་ལ་གནོད་པ་ཐེབས་སྲིད་ཟེར།
ཧྥ་རན་སི་དང་ཨ་མེ་རི་ཁའི་བར་གྱི་གྲངས་ལྡན་སྒོ་ཁྲལ་གྱི་འགལ་བ་གླེང་སྐབས་ཐུའུ་སི་ཁི་ཡིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་འཁོན་ལན་སློག་པའི་ཚུལ་དུ་ཧྥ་རན་སིའི་རྒུན་ཆང་ལ་སྒོ་ཁྲལ་བསྡུས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཧྥ་རན་སི་དང་མཉམ་དུ་དགོས་ངེས་ཀྱི་བྱ་སྤྱོད་སྤེལ་ངེས་ཡིན་ཟེར། 

ཚེས་ཉེར་གསུམ་ཉིན་ཐི་ལིང་ཕུའུ་ཡིས་མུ་མཐུད་དུ་ཧྥ་རན་སིའི་གྲངས་སྒོ་ཁྲལ་འཆར་གཞིར་རྒོལ་ལན་དྲག་པོ་སྤྲད་པར་མ་ཟད། ཧྥ་རན་སིའི་རྒུན་ཆང་ལ་སྒོ་ཁྲལ་བསྡུ་རྒྱུའི་འཇིགས་སྐུལ།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།