ཀྲི་ལིའི་དབུས་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་དྲུག་གི་ས་འགུལ་བྱུང་། 
2019.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཀྲི་ལིའི་དབུས་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་དུ་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་དྲུག་གི་ས་འགུལ་བྱུང་བ་དང་། རྒྱལ་ས་ཧྲིན་ཏིས་ཡཱ་ཀི་རུ་ས་འགུལ་གྱི་ཚོར་སྣང་མངོན་གསལ་ཡོད་པ་རེད། མིག་སྔར་མི་སྣར་ཤི་རྨས་ཐེབས་པའི་སྙན་ཞུ་བསྒྲགས་མེད། 

ཀྲི་ལིའི་སློབ་ཆེན་རྒྱལ་ཡོངས་ས་འགུལ་བརྟག་དཔྱད་ལྟེ་གནས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ས་འགུལ་དེ་ཚེས་ཉེར་དགུ་ཉིན་གྱི་དུས་ཚོད་བཅུ་གཉིས་དང་སྐར་མ་ང་བདུན་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་ལྟེ་བ་དེ་མཱ་ཝུའུ་ལའེ་ས་ཁུལ་ཆེན་མོའི་ཁུང་སི་ཏིས་ཐུའུ་ཞི་ཝུན་ནུབ་ངོས་ཀྱི་སྤྱི་ལེ་དོན་གཅིག་གི་མཚམས་སུ་ཡོད་པའི་མཚོ་འགྲམ་ས་ཁོངས་ཡིན་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་སོ་གཅིག་དང་གྲངས་ཆུང་བཞི་ཡོད་ཟེར། ས་འགུལ་བྱུང་སའི་གནས་གཙོ་བོ་དེ་རྒྱལ་ས་ཧྲིན་ཏིས་ཡཱ་ཀིའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་སུམ་བརྒྱ་དང་བཞི་བཅུའི་མཚམས་སུ་ཡོད་པ་རེད། 

ཀྲི་ལིའི་མཚོ་དམག་ཆུ་དཔྱད་དང་རྒྱ་མཚོའི་ལས་དོན་ཅུའུ་ཡིས་བཤད་རྒྱུར། ཐེངས་འདིའི་ས་འགུལ་ལས་ཀྲི་ལིའི་མཚོ་འགྲམ་དུ་རྒྱ་མཚོ་འཕྱུར་བའི་སྣང་ཚུལ་འབྱུང་མི་སྲིད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།