​ཁྲའོ་ཞན་གྱིས་རྣམ་པ་གསར་བའི་ཆུ་འོག་གི་འཕུར་མདའི་གཏོང་འཕེན་ཚོད་ལྟའི་བྱ་བར་ལེགས་འགྲུབ་བྱུང་བའི་ཚུལ་བསྟན།
2019.10.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 82

འདི་ནི་ཟླ་བཅུ་བའི་ཚེས་གསུམ་ཉིན་འདོན་སྤྲོད་བྱས་པའི་བྱང་སྐར-3རྟགས་ཅན་གྱི་རྣམ་པ་གསར་བའི་ཆུ་འོག་འཕུར་མདའི་གཏོང་འཕེན་ཚོད་ལྟའི་ཡུལ་དངོས་རྣམ་པ་རེད། 

འདི་ནི་ཟླ་བཅུ་བའི་ཚེས་གསུམ་ཉིན་འདོན་སྤྲོད་བྱས་པའི་བྱང་སྐར-3རྟགས་ཅན་གྱི་རྣམ་པ་གསར་བའི་ཆུ་འོག་འཕུར་མདའི་གཏོང་འཕེན་ཚོད་ལྟའི་ཡུལ་དངོས་རྣམ་པ་རེད། 

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་རྒྱལ་སྲུང་ཚན་རྩལ་གླིང་གིས་ཚེས་གཉིས་ཉིན་གྱི་སྔ་དྲོར་ཁྲའོ་ཞན་ཕྱེད་གླིང་ཤར་ཕྱོགས་ཀྱི་མཚོ་ཁོངས་སུ་ཡོད་པའི་ཡོན་ཧྲན་མཚོ་ཁོངས་ནས་བྱང་སྐར-3རྟགས་ཅན་གྱི་རྣམ་པ་གསར་བའི་ཆུ་འོག་འཕུར་མདའི་གཏོང་འཕེན་ཚོད་ལྟ་བྱས་པར་ལེགས་འགྲུབ་བྱུང་ཟེར། 

བསྒྲགས་པ་ལྟར་ན། ཆུ་འོག་འཕུར་མདའ་དེ་ཟུར་ཚད་མཐོ་བའི་ཐབས་ཀྱིས་གཏོང་འཕེན་བྱས་པ་རེད། གཏོང་འཕེན་བྱས་པ་ལས་གསར་དུ་ཇུས་འགོད་བྱས་པའི་འཕུར་མདའི་འཐབ་རྩལ་ལག་རྩལ་གཙོ་བོའི་དམིགས་ཚད་ལ་ཚན་རིག་གི་བདེན་དཔང་ཐོབ་ཡོད་ལ། འཕུར་མདའ་གཏོང་འཕེན་བྱས་པ་ལས་ཉེ་འཁོར་གྱི་རྒྱལ་ཁབ་དག་གི་བདེ་འཇགས་ལ་གནོད་པ་ཅི་ཡང་བཟོས་མེད་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིར་བྱང་སྐར-3རྟགས་ཅན་གྱི་རྣམ་པ་གསར་བའི་ཆུ་འོག་འཕུར་མདའི་གཏོང་འཕེན་ཚོད་ལྟའི་བྱ་བར་ལེགས་འགྲུབ་བྱུང་བ་ནི། ཁྲའོ་ཞན་ལ་དམིགས་པའི་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་འཇིགས་ཉེན་ཚོད་འཛིན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་རང་སྲུང་རང་བཞིན་གྱི་དམག་དོན་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།