​ཡེ་མིན་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་ཁག་ཅིག་གཏོར།
2019.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཡེ་མིན་བདེ་འཇགས་སྡེ་ཁག་གིས་ཚེས་བདུན་ཉིན་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་ཉིན་དེར་གནས་སྐབས་ཀྱི་རྒྱལ་ས་ཡཱ་ཏེན་ནས་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་ཁག་ཅིག་གཏོར་བ་དང་། ཚོགས་ཁག་དེས་སྔོན་ཆད་ཡེ་མིན་སྲིད་གཞུང་དང་དམག་དཔུང་གི་དཔོན་རིགས་ལ་དམིགས་པའི་ལྐོག་གསོད་བྱ་སྤྱོད་འགར་འཆར་འགོད་བྱས་མྱོང་ཟེར།

མིང་བརྗོད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། བདེ་འཇགས་སྡེ་ཁག་གིས་ཡཱ་ཏེན་གྱི་འདུ་འཛི་ཆེ་སའི་གྲོང་ཁུལ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་སྐབས་ཚོགས་ཁག་དེ་གཏོར་བ་ཡིན་ཟེར། རྟོག་ཞིབ་ལས་མངོན་པ་ལྟར་ན། ཚོགས་ཁག་དེའི་ཁོངས་མི་ཡིས་སྔོན་ཆད་ཡེ་མིན་ལྷོ་ཕྱོགས་ས་ཁུལ་དུ་ལྐོག་གསོད་བྱ་སྤྱོད་ཐེངས་མང་བོ་ལག་བསྟར་བྱས་མྱོང་བ་རེད། 

ཡཱ་ཏེན་གྲོང་ཁྱེར་གྱི་དམག་ཕྱོགས་དཔོན་པོ་གཞན་ཞིག་གིས་བཤད་རྒྱུར། ཚོགས་ཁག་དེའི་ལྐོག་གསོད་དམིགས་འབེན་གཙོ་བོ་ནི་ཡེ་མིན་ལྷོ་ཕྱོགས་ཀྱི་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་ལ་བློ་དཀར་བའི་མཐོ་རིམ་དམག་དོན་མགོ་ཁྲིད་པ་དང་སྲིད་གཞུང་གི་དཔོན་རིགས་རེད་ཟེར། རྟོག་ཞིབ་རགས་ཙམ་བྱས་པ་ལས་མངོན་པ་ལྟར་ན། ཚོགས་ཁག་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་ངེས་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།