​ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་མདུན་ལྗོངས་དེ་ཨ་མེ་རི་ཁའི་རྣམ་འགྱུར་ལ་རག་ལས་ཡོད་པའི་ཚུལ་བསྟན།
2019.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་དྲུག་ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་ཕྱོགས་ཀྱི་སྐོར་ཐེངས་གསར་བའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་ཁྲོད་ཀྱི་རྣམ་འགྱུར་ནི་ཡིད་འཕང་བ་ཞིག་ཡིན་པར་མ་ཟད། ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་གྱི་མདུ་ལྗོངས་དེ་ཨ་མེ་རི་ཁའི་རྣམ་འགྱུར་ལ་རག་ལས་ཡོད་པ་ནན་བཤད་བྱས། 

མགྲིན་ཚབ་པ་དེས་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁས་བཀོད་པའི་གྲོས་མཐུན་ལྟར། ཚེས་བཞི་ཉིན་ཕྱོགས་གཉིས་ཀྱིས་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་ནས་གྲ་སྒྲིག་འབྲེལ་འདྲིས་བྱས་རྗེས། ཚེས་ལྔ་ཉིན་ཕྱོགས་གཉིས་ཀྱིས་བྱ་བའི་གྲོས་མོལ་སྤེལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཉེ་སྔོན་ཁོ་ཚོས་བྱེད་ཐབས་གསར་བ་དང་གསར་གཏོར་རང་བཞིན་གྱི་ཐག་གཅོད་ཇུས་གཞིའི་གྲོས་མོལ་ལ་གྲ་སྒྲིག་གང་ལེགས་བྱས་ཡོད་པའི་བརྡ་བཏང་བ་དང་། གྲོས་མོལ་སླར་གསོ་བྱེད་པའི་རེ་བ་བཏོན་པས། ཁྲའོ་ཞན་ཕྱོགས་ཀྱིས་རེ་སྒུག་གི་རྣམ་འགྱུར་བཟང་བོ་བཟུང་ནས་གྲོས་མོལ་ལ་ཞུགས་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིས་གྲོལ་བྱེད་སའི་ཡུལ་དངོས་ཀྱི་རྣམ་འགྱུར་སྔར་བཞིན་འགྱུར་ལྡོག་བྱུང་མེད་པས། ཁྲའོ་ཞན་ཕྱོགས་ལ་ཡིད་ཆད་བློ་ཕམ་གྱི་ཚོར་བ་བྱུང་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།