དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡཱའི་མངའ་ཁོངས་སུ་དམག་དོན་འགུལ་སྐྱོད་གང་རུང་སྤེལ་བར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཐུར་ཁེའི་དམག་དཔུང་སི་རི་ཡཱའི་མངའ་ཁོངས་སུ་སོང་ནས་དམག་དོན་འགུལ་སྐྱོད་སྤེལ་བར་སེམས་ཁུར་བྱེད་པའི་ཚུལ་བསྟན།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་གིས་ཐུར་ཁེའི་དམག་དཔུང་སི་རི་ཡཱའི་མངའ་ཁོངས་སུ་འགྲོ་བར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། བསྒྲགས་པའི་འབྲེལ་ཡོད་གནས་ཚུལ་ལ་སེམས་ཁུར་བྱེད་བཞིན་ཡོད། གལ་ཏེ་བྱ་སྤྱོད་དེ་རིགས་མགོ་བརྩམས་ན། ཐུར་ཁེའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་མི་ཐུབ་པར་མ་ཟད་གྱོང་གུད་ཚབས་ཆེན་བཟོ་ངེས་རེད་ཟེར།
གསལ་སྒྲོག་ལས་བསྟན་དོན། དབྱི་ལིང་གིས་སི་རི་ཡཱའི་སྲིད་གཞུང་དང་ཐུར་ཁེའི་བར་འབྲེལ་འདྲིས་བྱེད་འདོད་ཡོད་ལ། མིག་སྔར་ཀུན་གྱིས་སེམས་ཁུར་བྱེད་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་ཞོར་དུ་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།