ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་དུ་གྲུ་གཟིངས་ལོག་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་སོ་བརྒྱད་རྐྱེན་ལམ་དུ་ཤོར། 
2019.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ནེ་ཀྲི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་དགུའི་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་པའོ་ཆི་ཀྲིག་ཏུ་ཉེ་སྔོན་གྲུ་གཟིངས་ལོག་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་སོ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར། 

ཙུང་ཐུང་བཞུགས་ཤག་གིས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཀྲི་རི་ཡཱའི་ཙུང་ཐུང་པུའུ་ཧཱ་ལི་ཡིས་དོན་རྐྱེན་དེའི་སྙན་ཞུར་ཉན་པ་དང་། འདས་པོ་སོ་བརྒྱད་པོར་མྱ་ངན་ཞུས། དོན་རྐྱེན་བྱུང་སའི་ས་ཁུལ་གྱི་དཔོན་པོ་ཞིག་གིས་ཚེས་དགུ་ཉིན་བསྟན་དོན། ས་དེའི་སྡེ་བ་ཞིག་གི་སྡེ་མི་བཞི་བཅུ་ཚེས་བདུན་ཉིན་གྲུ་གཟིངས་ཤིག་ལ་བསྡད་དེ་གཙང་བོའི་ཕ་རོལ་གྱི་ཞིང་སར་ལས་ཀ་བྱེད་དུ་སོང་བ་དང་། གྲུ་གཟིངས་དེ་ལམ་བར་ནས་ལོག་སྟེ་མི་གཉིས་ལས་སྐྱོབ་མ་ཐུབ་ཟེར། 

པའོ་ཆི་ཀྲིག་གི་ཉེན་རྟོག་དང་བྲེལ་མྱུར་རྒུད་སྐྱོབ་སྡེ་ཁག་གིས་གསར་འགྱུར་ལས་རིགས་ལ་བསྟན་དོན། འབྲེལ་ཡོད་སྡེ་ཁག་གིས་གྲུ་གཟིངས་ལོག་པའི་དོན་རྐྱེན་ཐད་ནས་མཉམ་འབྲེལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།