དབྱི་ལིང་གིས་ཐུར་ཁེ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་དམག་དོན་སྦྱོང་བརྡར་སྤེལ། 
2019.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་ཚེས་དགུའ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་སྐམ་དམག་གིས་ཉིན་དེར་ཐུར་ཁེའི་མཐའ་མཚམས་དང་ཉེ་བའི་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ཟེར། 

བསྒྲགས་པ་ལྟར་ན། དམག་དོན་འགུལ་སྐྱོད་སྤེལ་ས་དེ་དབྱི་ལིང་ནུབ་བྱང་ཕྱོགས་ཀྱི་ཨ་སེ་པེད་ཅང་ཞིང་ཆེན་ནུབ་མ་ཡིན་ལ། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་ལ་འཕྲལ་སྒྲུབ་དམག་དཔུང་དང་སྐམ་དམག་མཁའ་འགྲུལ་དམག་དཔུང་། སྐམ་དམག་གི་སྟོང་ཤོག་འགའ་བཅས་འདུས། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་དམག་དཔུང་གི་དམག་གྲབས་གནས་ཚུལ་དང་འཐབ་རའི་བབ་བསྟུན་ནུས་པར་དཔྱད་འཇོག་བྱེད་པའི་ཆེད་དུ་རེད། 

བསྒྲགས་པའི་གནས་ཚུལ་ལ་དམག་དོན་སྦྱོང་བརྡར་དེ་དུས་ནམ་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་བྱེ་བྲག་གི་དམག་ཤུགས་དང་སྒྲིག་ཆས་སོགས་གནས་ཚུལ་བསྒྲགས་མེད། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཐུར་ཁེའི་དྲག་ཆས་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་སོགས་དྲག་ཆས་པར་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཧཱ་སེ་ཁི་ཞིང་ཆེན་དུ་ཐུར་ཁེའི་དམག་དཔུང་གི་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཟེར། དེའི་སྔོན་དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ་དབྱི་ལིང་ཕྱོགས་ཀྱིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡཱའི་མངའ་ཁོངས་སུ་དམག་དོན་འགུལ་སྐྱོད་གང་རུང་སྤེལ་བར་ངོ་རྒོལ་བྱེད་པའི་ཚུལ་བསྟན། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།