འཇར་མན་གྱི་ཙུང་ལི་ཡིས་ཡང་བསྐྱར་ཐུར་ཁེ་ཡིས་སི་རི་ཡཱའི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་བདུན་ཉིན་ཡང་བསྐྱར་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

མའོ་ཁི་ཨར་གྱིས་ཉིན་དེར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་བསྟན་དོན། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ནི་མི་ཆོས་རིང་ལུགས་ཀྱི་ཆགས་འཇིག་ཆེན་མོ་ཞིག་ཡིན་པ་དང་། ཉེ་འཁོར་ས་ཁུལ་གྱི་ཆབ་སྲིད་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། འཇར་མན་སྲིད་གཞུང་གིས་མིག་སྔའི་གནས་ཚུལ་འོག་ཐུར་ཁེ་ལ་མཚོན་ཆ་དང་སྒྲིག་ཆས་གང་ཡང་འདོན་སྤྲོད་བྱེད་མི་སྲིད་པའི་ཐག་བཅད་ཡོད་ཟེར། 

མའོ་ཁི་ཨར་གྱིས་བསྟན་དོན། ཐུར་ཁེ་ཡི་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ཁེ་ཕན་དེ་ཕྱི་འབྲེལ་གྱི་ཐབས་ཁོ་ནར་བརྟེན་ནས་ཐག་གཅོད་བྱེད་དགོས་པས། ཁོ་མོས་ཡང་བསྐྱར་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་ཡིན་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།