མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་བཞི་བདམས་ཐོན་བྱུང་། 
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བས་ཚེས་བཅུ་བདུན་ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གསར་བ་བཅུ་བཞི་བདམས་ཐོན་བྱུང་བ་དང་། ད་ལོའི་ལོ་མཇུག་ཏུ་འགན་ཡུན་ལོངས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཚབ་བྱེད་རྒྱུ་ཡིན་ལ། ཁོངས་གཏོགས་རྒྱལ་ཁབ་གསར་བ་དག་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལས་འགན་ཁུར་རྒྱུ་རེད། 

ཐེངས་འདིར་བདམས་ཐོན་བྱུང་བའི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ནི་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་ལེ་པུ་ཡཱ་དང་མའོ་ལི་ཐཱ་ནེ་ཡཱ། ནཱ་སྨི་པུ་ཡཱ། སུའུ་ཏན་བཅས་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཧིན་རྡུ་ཉི་ཞི་ཡཱ་དང་། འཇར་པན། མཱ་ཧྲའོ་ཨར་གླིང་ཚོམས། ཧན་གོ། ཡོ་རོབ་གླིང་ཤར་མ་ས་ཁུལ་གྱི་ཨེ་མེ་ནི་ཡཱ་དང་ཕོ་ལན། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་པཱ་ཞི་དང་ཝེ་ནེ་ཙུའེ་ལཱ། ཡོ་རོབ་གླིང་ནུབ་མ་དང་ས་ཁུལ་གཞན་པའི་འཇར་མན་དང་ཧི་ལན་བཅས་འདུས། དེའི་ནང་འཇར་པན་དང་པཱ་ཞི་གཉིས་ཀྱིས་བསྟུད་འགན་ཁུར་བ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།