དབྱི་རག་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇིགས་ཉེན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས། 
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 61

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གཉིས་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གཉིས་ཀྱིས་གྲོས་མོལ་བྱས། 

དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གཉིས་ཀྱིས་ཚེས་བཅུ་བདུན་ཉིན་པཱ་ཀ་ཏཱ་ནས་གྲོས་མོལ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇིགས་ཉེན་ཐག་གཅོད་བྱེད་པའི་སྐོར་གྱི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས། 

ཧཱ་ཅི་མུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་རག་གིས་སི་རི་ཡཱ་ནས་དབྱི་རག་རྒྱལ་ཁབ་ཀྱི་ཡིན་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དང་དེ་དག་གི་ཁྱིམ་མི་ཕྱིར་ཁྲིད་ཡོང་ནས། དབྱི་རག་གི་བཅའ་ཁྲིམས་ལྟར་དུ་ཁོ་ཚོར་དྲང་བདེན་གྱི་ཁྲིམས་གཅོད་བྱེད་རྒྱུ་ཡིན་ཟེར། 

ལེ་ཏི་ལི་ཨང་གིས་བསྟན་དོན། ཐུར་ཁེ་ཡིས་ཉེ་སྔོན་སི་རི་ཡཱ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་བླངས་པའི་གྲུབ་འབྲས་ལ་གཏོར་བརླག་གཏོང་སྲིད་པར་འདོད། ལེ་ཏི་ལི་ཨང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དག་དབྱི་རག་དང་སི་རི་ཡཱ་ནས་སླར་གསོ་འབྱུང་བར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས། 

དབྱི་རག་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་བདེ་འཇགས་དམག་དཔུང་གིས་སི་རི་ཡཱའི་མཐའ་མཚམས་ས་ཁུལ་ནས་དབྱི་རག་གི་མངའ་ཁོངས་སུ་ཡོང་རྩིས་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྐོར་ཞིག་འཛིན་བཟུང་བྱས་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།