ཞི་ལཱ་ཡིས་དམག་དོན་གནམ་གྲུ་མངག་ནས་སེ་ཕུའུ་ལུའུ་སིའི་དམག་དོན་སྦྱོང་བརྡར་ལ་ཞུགས།
2019.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

སེ་པུའུ་ལུའུ་སིའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་རྒྱལ་དམངས་ཉེན་སྲུང་རུ་ཁག་གིས་ཉིན་དེར་དམག་དོན་སྦྱོང་བརྡར་སྤེལ་བ་དང་། ཞི་ལཱ་ཡིས་དམག་དོན་གནམ་གྲུ་མངག་ནས་དམག་དོན་སྦྱོང་བརྡར་དེར་ཞུགས་ཡོད་ཟེར། 

སེ་ཕུའུ་ལུའུ་སིའི་རྒྱལ་ཁབ་བརྙན་འཕྲིན་ཁངགིས་དམག་དོན་སྦྱོང་བརྡར་དེ་ཡུལ་དངོས་ཐད་གཏོང་བྱས། རྣོ་ལྕགས་ཀྱི་མདའ་ཞེས་པའི་དམག་དོན་སྦྱོང་བརྡར་དེའི་མཇུག་མཐའི་དུས་རིམ་གྱི་བྱ་འགུལ་ཤར་ལྷོ་ཕྱོགས་ཀྱི་ལཱ་ནཱ་ཁཱ་གྲོང་ཁྱེར་ནས་སྤེལ་བ་དང་། སེ་ཕུའུ་ལུའུ་སིའི་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་གྱེན་འཕུར་གནམ་གྲུ་དམག་དོན་སྦྱོང་བརྡར་ལ་ཞུགས། ཞི་ལཱའིF-16རྟགས་ཅན་གྱི་གནམ་གྲུ་གསུམ་དམག་དོན་སྦྱོང་བརྡར་བྱེད་སའི་ས་ཁོངས་སུ་འཕུར་ནས་འགུལ་སྐྱོད་བྱེད་པ་དང་ཡང་ན་གཏན་འཇགས་ཀྱི་དམིགས་འབེན་ལ་ལད་བཟོའི་དཔུང་འཇུག་བྱས་པ་རེད། 

སེ་ཕུའུ་ལུའུ་སིའི་རྒྱལ་སྲུང་བློན་ཆེན་ཨན་རི་ལེ་ཏའེ་སི་དམག་དོན་སྦྱོང་བརྡར་གྱི་ཆེས་མཇུག་མཐའི་དུས་རིམ་གྱི་བྱ་འགུལ་ལ་ཞུགས། ཁོས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། རྒྱལ་དམངས་ཉེན་སྲུང་རུ་ཁག་གི་ཆུ་ཚད་མཐོ་བའི་ཟིལ་ཤུགས་སྲུང་འཛིན་བྱེད་པའི་དགོས་པ་ཡོད་ཅིང་། ཞི་ལཱའི་འཐབ་འཛིང་གནམ་གྲུ་ནི་མཚོན་རྟགས་ཙམ་མ་ཡིན་ལ། དམག་དོན་སྦྱོང་བརྡར་ནི་ཐུར་ཁེའི་དཀྲུག་འཕེན་ལ་དམིགས་པའི་རྒོལ་ལན་མིན། སེ་ཕུའུ་ལུའུ་སི་ཡིས་ཐོག་མཐའ་བར་གསུམ་དུ་ཕྱི་འབྲེལ་དང་བཅའ་ཁྲིམས། ཆབ་སྲིད་བཅས་ཀྱི་ཐབས་ལ་བརྟེན་ནས་ཐུར་ཁེའི་དམག་དོན་འགུལ་སྐྱོད་མཚམས་འཇོག་ཏུ་འཇུག་པར་བརྩོན་བཞིན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།