​ཀཱ་ནཱ་བྱང་ཕྱོགས་ས་ཁུལ་དུ་དྲག་ཆར་བབས་ཏེ་མི་ཉི་ཤུ་ལྷག་རྐྱེན་ལམ་དུ་ཤོར།
2019.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀཱ་ནཱ་རྒྱལ་ཁབ་ཀྱི་གནོད་འཚེ་དོ་དམ་སྡེ་ཁག་གིས་བསྟན་དོན། ཚེས་བཅོ་བརྒྱད་ཉིན་བར། རྒྱལ་ཁབ་དེའི་བྱང་ཕྱོགས་ས་ཁུལ་དུ་བསྟུད་མར་ཉིན་འགའི་རིང་ལ་དྲག་ཆར་བབས་ཏེ་མི་ཉི་ཤུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་དགུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། དྲག་ཆར་ལས་བྱུང་བའི་ཆུ་ལོག་གིས་ས་དེའི་ཁང་བ་སྟོང་གཅིག་དང་ཉིས་བརྒྱ་ཉེར་ལྔར་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། ཁང་བ་སྟོང་གཅིག་དང་དྲུག་བརྒྱ་རེ་བཞིར་གཏོར་བརླག་ཅུང་ཙམ་ཐེབས་ཡོད། དེ་ལས་གཞན་དྲག་ཆར་ལས་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཞིང་ར་མང་བོར་གཏོར་བརླག་ཐེབས་ཡོད་པ་རེད། 

མིག་སྔར་ས་དེའི་སྲིད་གཞུང་གིས་གནོད་ཐེབས་ཁྱིམ་ཚང་དག་ལ་རྒུད་སྐྱོབ་དངོས་རྫས་འདོན་སྤྲོད་བྱེད་བཞིན་ཡོད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།