ཡེ་མིན་གྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་པུའུ་ཀྲང་ཨ་སི་ཁཱ་ཨར་གྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ས་གནས་ཚོ་ཁག་གི་མཐུན་སྦྱོར་འོག་ཏུ། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཉེ་སྔོན་བཟུང་དམག་ཉེར་དགུ་བརྗེ་སྤོར་བྱས་ཡོད་ཟེར།
ཨ་སི་ཁཱ་ཨར་གྱིས་ཉིན་དེར་དྲ་ཐོག་ནས་བཟུང་དམག་བརྗེ་སྤོར་བྱས་པར་དགའ་བསུ་བྱེད་པའི་ཚུལ་བསྟན།
ཧུའུ་སེ་དྲག་ཆས་པའི་བཟུང་དམག་ལས་དོན་གྱི་འགན་ཁུར་བའི་དཔོན་པོ་མུའུ་ཨར་ཐཱ་ཏཱ་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་གྱི་ས་གནས་ཚོ་ཁག་གི་མཐུན་སྦྱོར་འོག ཧུའུ་སེ་དྲག་ཆས་པས་ཚེས་བཅོ་བརྒྱད་ཉིན་སྲིད་གཞུང་གི་བཟུང་དམག་བཅུ་ཕྱིར་བཏང་བ་དང་། དེའི་ཞོར་དུ་ཕྱིར་བཏང་བའི་ཧུའུ་སེ་དྲག་ཆས་པའི་དྲག་ཆས་མི་སྣ་བཅུ་དགུ་དང་ལེན་བྱས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།