​སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉི་ཤུ་བསད།
2019.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སོ་མཱ་ལིའི་དཔོན་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་འགུལ་སྐྱོད་ཅིག་ལས་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཡོད་ཟེར། 

སོ་མཱ་ལིའི་ཞི་ལན་ཀྲིག་ཅཱ་ལཱ་ལཱ་ཁི་ཞི་གྲོང་རྡལ་གྱི་གྲོང་གཙོ་མུའུ་ཧན་མའོ་ཏི་ཆའོ་ཧྥུའུ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་སྲིད་གཞུང་དམག་དཔུང་གི་རྟེན་གཞིར་འཇབ་རྒོལ་བྱེད་རྩིས་ཡོད་པའི་གསང་འཕྲིན་འབྱོར་རྗེས། དྲག་ཆས་ཉེས་ཅན་ལ་དཔུང་འཇུག་བྱས། ཕྱོགས་གཉིས་ཀྱི་འཁྲུག་རྩོད་དྲག་པོ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་ཉི་ཤུ་བསད་ནས་མེ་མདའ་སྐོར་ཞིག་གཞུང་བཞེས་བྱས་ཡོད། 

སོ་མཱ་ལིའི་ན་གཞོན་ཏང་ཞེས་པ་ནི་རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ནས་ཐེངས་མང་བོར་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།