​ཨུ་རུ་སིའི་ནུབ་ཕྱོགས་ས་ཁུལ་ནས་སྡོད་དམངས་ཀྱི་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར།
2019.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨུ་རུ་སིའི་ནུབ་ཕྱོགས་ཀྱི་ཡཱ་ལོ་སི་ལཱ་ཧྥུའུ་ཨར་ཀྲིག་གི་སྡོད་དམངས་ཐོག་ཁང་ཞིག་ལ་ཚེས་བཅུ་དགུའི་ཉིན་མེ་སྐྱོན་བྱུང་བ་དང་། དོན་རྐྱེན་དེ་ལས་མི་བདུན་རྐྱེན་ལམ་དུ་ཤོར་ཟེར། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་ས་དེའི་བྲེལ་མྱུར་གནས་ཚུལ་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་བཀོད་པ་ལྟར་ན། ཡཱ་ལོ་སི་ལཱ་ཧྥུའུ་ཨར་ཀྲིག་གི་ལོ་སི་ཐའོ་ཧྥུའུ་གྲོང་ཁྱེར་གྱི་བརྩེགས་རིམ་གཉིས་ཅན་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་ཉིན་དེར་མེ་སྐྱོན་བྱུང་སྟེ། བྱིས་པ་ལྔ་དང་བཅས་པའི་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཅིག་གར་སོང་རྙེད་མེད་ཟེར། དོན་རྐྱེན་དེ་ལས་ད་རུང་མི་གསུམ་ལ་རྨས་ཕོག་ཡོད་ལ། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་ཐོན་ནས་མེ་སྐྱོན་ལ་ཚོད་འཛིན་བྱེད་ཐུབ་པ་བྱུང་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།