​པུ་ཁི་ནཱ་ཧྥ་སོ་ཡི་དམག་སྒར་གཉིས་ལ་འཇབ་རྒོལ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར།
2019.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

པུ་ཁི་ནཱ་ཧྥ་སོའི་དམག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ལོ་ལུའུ་མུའུ་ཞིང་ཆེན་དང་ཡཱ་ཐིན་ཅཱ་ཞིང་ཆེན་གྱི་དམག་སྒར་གཉིས་ལ་ཚེས་བཅུ་དགུ་ཉིན་གྱི་དགོང་མོ་དང་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་འཇབ་རྒོལ་ཐེབས་ཏེ། བསྡོམས་པས་མི་ལྔ་རྐྱེན་ལམ་དུ་ཤོར་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་ཞིག་གིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོ་དང་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་ལོ་ལུའུ་མུའུ་ཞིང་ཆེན་གྱི་པཱ་ཨིན་གྲོང་ཁྱེར་གྱི་དམག་སྒར་ཞིག་ལ་འཇབ་རྒོལ་བྱས་པ་དང་། དེ་དང་དུས་མཉམ་དུ་ཡཱ་ཐིན་ཅཱ་ཞིང་ཆེན་གྱི་ཡུང་སེ་གྲོང་རྡལ་གྱི་དམག་སྒར་ཞིག་ལའང་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཡོད། འཇབ་རྒོལ་དོན་རྐྱེན་དེ་གཉིས་ལས་བསྡོམས་པས་དམག་མི་བཞི་དང་ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་གཅིག་ལ་རྨས་ཕོག་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།