ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་ཨ་མེ་རི་ཁས་ཕན་ཚུན་མངག་གཏོང་བྱས་པའི་ཕྱི་འབྲེལ་ལས་ཁུངས་ཀྱིས་མྱུར་དུ་རྒྱུན་ལྡན་གྱི་བྱ་བ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་། 
2019.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉི་ཤུའི་ཉིན་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་མངག་གཏོང་བྱས་པའི་ཕྱི་འབྲེལ་ལས་ཁུངས་ཀྱིས་མྱུར་དུ་རྒྱུན་ལྡན་གྱི་བྱ་བ་སླར་གསོ་བཻཡད་དགོས་པའི་འབོད་སྐུལ་བཏང་། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མིག་སྔར་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་མངག་གཏོང་བྱས་པའི་ཕྱི་འབྲེལ་ལས་ཁུངས་ཀྱི་བྱ་བའི་རྒྱུན་ལྡན་མིན་པའི་གནས་ཚུལ་ནི་ཨ་མེ་རི་ཁའི་སྲིད་གཞུང་གི་སྲིད་ཇུས་ལས་བཟོས་པ་ཡིན་ཞིང་། ཨུ་རུ་སི་ཡིས་དུས་ནམ་ཡིན་ཡང་ཨ་མེ་རི་ཁའི་བར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་མངག་གཏོང་བྱས་པའི་ཕྱི་འབྲེལ་ལས་ཁུངས་དང་འབྲེལ་བའི་བྱ་བའི་གནད་དོན་ལ་གྲོས་བསྡུར་བྱེད་རྩིས་ཡོད་པ་དང་། མྱུར་མོར་བྱ་བ་རྒྱུན་ལྡན་ཡོང་བར་བྱེད་འདོད་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།