སེར་ཝེ་ཡཱ་དང་ཨུ་རུ་སི་ཡིས་མཉམ་ལས་གྲོས་མཐུན་རེ་འགའ་བཀོད། 
2019.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་དང་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་གཉིས་ཀྱི་བདེན་དཔང་འོག སེར་ཝེ་ཡཱ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅུ་དགུའི་ཉིན་པེ་ཨར་ཀི་ལའེ་ཏི་ནས་མཉམ་ལས་གྲོས་མཐུན་རེ་འགའ་བཀོད་པ་དང་། དེའི་ནང་དོན་ལྕགས་ལམ་དང་ནུས་ཁུངས། ཚན་རིག་ལག་རྩལ་སོགས་ཁྱབ་ཁོངས་ལ་འབྲེལ་བ་ཡོད་པ་རེད། 

ཨུ་རུ་སིའི་ལྕགས་ལམ་ཀུང་ཟི་ཡིས་ཉིན་དེར་སེར་ཝེ་ཡཱའི་ཕྱོགས་བར་སེར་ཝེ་ཡཱའི་ལྕགས་ལམ་བཅོས་བསྒྱུར་གྱི་གྲོས་མཐུན་ཞིག་བཀོད། གྲོས་མཐུན་ལྟར་ན། འཛུགས་སྐྲུན་བྱེད་བཞིན་པའི་སྤྱི་ལེ་ཉིས་བརྒྱ་ཡོད་པའི་ལྕགས་ལམ་ལས་གཞན། ཨུ་རུ་སིའི་ལྕགས་ལམ་ཀུང་ཟི་ཡིས་ད་རུང་སེར་ཝེ་ཡཱ་ལ་རོགས་རམ་བྱས་ཏེ་སྤྱི་ལེ་ཉིས་བརྒྱ་དང་བཅུ་ཡོད་པའི་ལྕགས་ལམ་བཅོས་བསྒྱུར་བྱེད་རྒྱུ་རེད། 

མེ་ཏི་བེ་ཅེ་ཧྥུའུ་ཉིན་དེར་པེ་ཨར་ཀི་ལའེ་ཏི་རུ་འབྱོར་ནས། སེར་ཝེ་ཡཱ་ལ་དུས་ཡུན་ཉིན་གཅིག་གི་འཚམས་འདྲི་བྱེད་མགོ་བརྩམས། མེ་ཏི་བེ་ཅེ་ཧྥུའུ་ཡིས་ཝུའུ་ཆི་ཆི་དང་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དེ་རིང་ཡིག་ཆ་གལ་ཆེན་རེ་འགའ་བཀོད་པར་བདེན་དཔང་བྱས། དེའི་ནང་དོན་ལྕགས་ལམ་དང་ཚན་རིག་ལག་རྩལ་ཁྱབ་ཁོངས། དེ་མིན་གསོ་རིག་ཞིབ་འཇུག་ཁང་ཞིག་འཛུགས་པ་བཅས་ལ་འབྲེལ་བ་ཡོད་ཟེར། མེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་བར་གྱི་ལྕགས་ལམ་དང་ནུས་ཁུངས་སོགས་ཐད་ཀྱི་མཉམ་ལས་ལ་བརྟེན་ནས་སེར་ཝེ་ཡཱ་ལ་ཁེ་ཕན་སྔར་ལས་མང་བོ་ཐོབ་སྲིད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།