ཐི་ལིང་ཕུའུ་ཡིས་སང་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་སའི་ས་ཁུལ་ཡང་བསྐྱར་གདམ་གསེས་བྱེད་དགོས་པའི་ཚུལ་བསྟན། 
2019.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་བསྟན་དོན། དམངས་གཙོ་ཏང་དང་སྨྱན་བྱད་ཀྱི་དགྲར་འཛིན་བསམ་བློའི་དབང་གིས་ཁོས་རང་ཉིད་ཀྱི་ཧྥོ་ལོ་ལི་ཏཱ་ཀྲིག་གི་སྒེར་གྱི་ཀའོ་ཨར་ཧྥུའུ་སྤོ་ལོའི་སྤྲོ་སྐྱིད་ཁང་དེ་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་སར་བྱེད་པའི་ཆོད་དོན་རྩིས་མེད་དུ་གཏོང་རྒྱུ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་མཐོ་རིམ་གྲོས་ཚོགས་སྤེལ་སའི་ས་ཁུལ་ཡང་བསྐྱར་གདམ་གསེས་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་སང་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་སའི་ས་ཁུལ་གཞན་པ་འཚོལ་ཞིབ་བྱེད་དགོས་པ་དང་། མཱ་ལི་ལན་ཀྲིག་གི་ཙུང་ཐུང་གི་ངལ་གསོ་བྱེད་ས་ཏའེ་ཝེ་སྒར་ས་ཡང་བསམ་བློ་གཏོང་སའི་ཁྱབ་ཁོངས་སུ་འདུས་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།