ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན། ལེ་པ་ནུན་གྱི་རྒྱལ་ས་པེ་རུ་ཐི་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས། ལེ་པཱ་ནུན་གྱི་ཙུང་ལི་ཧཱ་ལི་ལི་ཡིས་ཙུང་ཐུང་ཨོ་ཨིན་ལ་ལས་ཁུར་དགོངས་ཞུ་བྱེད་པའི་སྙན་ཞུ་སྤྲད།
ལེ་པཱ་ནུན་གྱི་ཙུང་ལི་ཧཱ་ལི་ལི་ཡིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཉིན་དེར་ཙུང་ཐུང་ཨོ་ཨིན་ལ་ལས་ཁུར་དགོངས་ཞུ་བྱེད་པའི་སྙན་ཞུ་སྤྲད།
ཧཱ་ལི་ལི་ཡིས་ཉིན་དེར་རྒྱལ་ས་པེ་རུ་ཐི་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ཁོས་བཤད་རྒྱུར། ཉེ་བའི་དུས་སྐབས་ཤིག་གི་ནང་མང་ཚོགས་ཀྱིས་སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་བྱེད་པའི་འབོད་སྐུལ་བཏང་བ་དང་། ཁོས་ནམ་རྒྱུན་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་བསམ་ཡང་། ད་ལྟ་འདི་ལས་གདམ་གསེས་གཞན་པ་མེད་ཟེར།
ཧཱ་ལི་ལི་ཡིས་ད་རུང་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། ལེ་པཱ་ནུན་གྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།