​མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་འདེམ་ཤོག་འཕངས་ཏེ་ཨ་མེ་རི་ཁས་ཁུ་པཱ་ཡི་སྐྱེལ་འདྲེན་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན།
2019.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཚེས་བདུན་ཉིན་འདེམ་ཤོག་འཕེན་པའི་བྱ་འགུལ་ཐེངས་ཉེར་བརྒྱད་པ་སྤེལ་ཏེ། ཨ་མེ་རི་ཁས་ཁུ་པཱ་ལ་སྐྱེལ་འདྲེན་བཀག་སྡོམ་བྱས་པར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁས་འབྲེལ་ཡོད་ཀྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་གྲོས་གཞིར་གྲོས་འཆམ་བྱུང་། 

ཨ་མེ་རི་ཁས་སྔོན་ཆད་ནམ་རྒྱུན་འདེམ་ཤོག་འཕངས་ཏེ་གྲོས་གཞི་དེར་ངོ་རྒོལ་བྱེད་པ་དང་། ཉིས་སྟོང་བཅུ་དྲུག་ལོར་ཨོ་པཱ་མཱའི་སྲིད་གཞུང་སྐབས་སུ་ཨ་མེ་རི་ཁ་དང་ཁུ་པཱའི་འབྲེལ་བ་ཅུང་ཇེ་ལེགས་སུ་སོང་བའི་རྗེས་སུ་འདེམ་ཤོག་འཕེན་པའི་དབང་ཆ་བསྐྱུར་བ་རེད། ཁུ་པཱ་ཕྱོགས་ཀྱིས་ཨ་མེ་རི་ཁས་ཁུ་པཱའི་འགྲོ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་བྱས་པ་ནི་འགྲོ་མིའི་ཐོང་ཐང་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་བ་ཡིན་པར་སྐྱོན་འཛུགས་བྱས། ཨ་མེ་རི་ཁའི་རྒྱལ་ནང་དུའང་དྲག་ཤུགས་དང་དབུལ་ཕོངས། ལས་ཤོར་མི་སྣ་སོགས་ཀྱི་གནད་དོན་ཡོད་པས། ཨ་མེ་རི་ཁས་ཁུ་པཱ་དང་རྒྱལ་ཁབ་གཞན་པའི་འགྲོ་མིའི་ཐོབ་ཐང་གནས་ཚུལ་སྐྱོན་འཛུགས་བྱེད་པའི་དབང་ཆ་མེད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།