ཨུ་རུ་སི་དང་སི་རི་ཡཱ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱ་དགོས་པའི་རེ་བ་འདོན་དགོས་པའི་འབོད་སྐུལ་བཏང་།
2019.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

ཨུ་རུ་སི་དང་སི་རི་ཡཱའི་སྡེ་ཁག་བརྒལ་བའི་མཐུན་སྦྱོར་བཀོད་འདོམ་པུའུ་ཡི་གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་སི་རི་ཡཱའི་མངའ་ཁོངས་བདག་ཏུ་བཟུང་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པ་དང་། ཨུ་རུ་སི་དང་སི་རི་ཡཱ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁས་སི་རི་ཡཱའི་དམག་དཔུང་ཕྱིར་འཐེན་བྱ་དགོས་པའི་རེ་བ་འདོན་དགོས་པའི་འབོད་སྐུལ་བཏང་། 

བཀོད་འདོམ་པུའུ་དེས་ལུའུ་ཁི་པན་ཡུལ་གྱར་བའི་སྒར་ས་གཏོར་བའི་འཆར་གཞི་ལ་བཀག་རྒྱ་ཐེབས་པའི་ཐད་ནས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་དེའི་མནའ་མཐུན་དག་གིས་སི་རི་ཡཱའི་ས་ཁུལ་ཁྲིམས་འགལ་གྱིས་བདག་བཟུང་བྱས་པ་ལས། སི་རི་ཡཱའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་ཧྲིལ་བོའི་བདག་བཟུང་སླར་གསོ་བྱེད་པར་བཀག་རྒྱ་བཟོ་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་ཨ་མེ་རི་ཁ་དང་དེས་ཚོད་འཛིན་བྱེད་པའི་ས་དེའི་ཁྲིམས་འགལ་དྲག་ཆས་པས་སི་རི་ཡཱའི་ཤར་ལྷོའི་ཕྱོགས་ཀྱི་ཅོར་ཏན་དང་འབྲེལ་བའི་ཐན་ཧྥུའུ་ས་ཁུལ་བཙན་བཟུང་བྱས་པར་མ་ཟད། ས་ཁུལ་དེར་ཡོད་པའི་ལུའུ་ཁི་པན་ཡུལ་གྱར་བའི་སྒར་ས་གཏོར་བར་བར་ཆད་བཟོས་པར་སྐྱོན་འཛུགས་བྱས། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་ངེས་པར་དུ་དུས་བཅད་ལྟར་ཡུལ་གྱར་བའི་སྒར་ས་དེར་མི་ཆོས་རིང་ལུགས་ཀྱི་དངོས་རྫས་སྐྱེལ་དགོས་པའི་ཚུལ་བསྟན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བེད་སྤྱད་དེ་རང་གིས་ཚོད་འཛིན་བྱེད་པའི་ཁྲིམས་འགལ་དྲག་ཆས་པར་ཟས་རིགས་དང་དགོས་ངེས་མཁོ་རྫས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དུ་འཇུག་རྩིས་ཡོད་པ་ཁྱབ་སྒྲོག་བྱས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།