ཐུ་ནི་ཞི་ཡཱའི་ཙུང་ཐུང་གིས་ཅེ་མུའུ་ལི་ལ་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ། 
2019.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚེས་བཅོ་ལྔ་ཉིན་ཅེ་མུའུ་ལི་ལ་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ། 

སེ་དབྱེ་ཏི་ཡིས་ཚེས་བཅོ་ལྔ་ཉིན་ཙུང་ཐུང་བཞུགས་ཤག་ནས་ཅེ་མུའུ་ལི་ལ་ཐུག་འཕྲད་བྱས་པ་དང་། ཅེ་མུའུ་ལི་ཡིས་ཟླ་ངོ་གཅིག་གི་ནང་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་དངོས་སུ་བསྩལ། སེ་དབྱེ་ཏི་ཡིས་ཞོར་དུ་ཙུང་ལི་ཧྲ་ཧི་ཏི་ཡིས་མགོ་ཁྲིད་པའི་ལྟ་སྐྱོང་སྲིད་གཞུང་གིས་ནེ་ཀི་གསར་བ་རྩ་འཛུགས་ཡོངས་འགྲུབ་བྱེད་རག་བར་དུ་སྲིད་གཞུང་གི་ཉིན་རྒྱུན་གྱི་ལས་དོན་ཐག་གཅོད་བྱ་དགོས་པའི་རེ་བ་བཏོན། 

ཉིན་དེའི་སྔ་དྲོར། ཐུ་ནི་ཞི་ཡཱའི་གྲོས་དཔོན་ཅཱ་ནོའུ་ཞེ་ཡིས་སེ་དབྱེ་ཏི་ལ་ཅེ་མུའུ་ལི་ཙུང་ལིའི་འདེམ་སྒུག་མི་སྣར་མིང་བཏོན་པ་རེད། ཐུ་ནི་ཞི་ཡཱའི་རྩ་ཁྲིམས་ལྟར་ན། ནེ་ཀིའི་མིང་ཐོ་ལ་ངེས་པར་དུ་གྲོས་ཁང་གི་གྲོས་མི་ཕྱེད་ཀའི་ཡན་ཡིད་འཐད་བྱུང་དགོས་པ་རེད། 

ཐུ་ནི་ཞི་ཡཱའི་སྐབས་གསར་བའི་གྲོས་ཁང་གིས་ཚེས་བཅུ་གསུམ་ཉིན་གྲོས་ཚོགས་བསྡུས་པ་དང་། གྲོས་ཁང་གི་ཏང་ཁག་ཆེས་ཆེ་བ་བསྐྱར་དར་ལས་འགུལ་ཏང་གི་མགོ་ཁྲིད་པ་ཅཱ་ནོའུ་ཞེ་གྲོས་དཔོན་དུ་བདམས་པ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།