ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཧན་གོར་གནོན་ཤུགས་བྱིན་ནས་བཅའ་སྡོད་དམག་དཔུང་གི་གྲོན་དངུལ་སྔར་ལས་མང་བོ་མཉམ་བགོ་བྱེད་རྒྱུ་རེད། 
2019.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡིས་ཚེས་བཅོ་ལྔ་ཉིན་ཧྲིག་ཨར་ནས་ཧན་གོའི་རྒྱལ་སྲུང་བློན་ཆེན་ཀྲིན་ཅིན་ཏིག་དང་གྲོས་མོལ་བྱས་ཏེ། མུ་མཐུད་དུ་ཧན་གོར་གནོན་ཤུགས་བྱིན་ནས་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་གྲོན་དངུལ་གྱི་མཉམ་བགོའི་བསྡུར་ཚད་ཇེ་མཐོར་བཏང་། 

ཨེ་སི་པའོ་དང་ཀྲིན་ཅིན་ཏིག་གཉིས་ཉིན་དེར་ལོ་ཧྲིལ་བོའི་བདེ་འཇགས་གྲོས་མོལ་སྐབས་ང་གཅིག་པར་ཞུགས་ཏེ་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ཨེ་སི་པའོ་ཡིས་ཧན་གོས་རང་གི་མངའ་ཁོངས་སུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་གྲོན་དངུལ་སྔར་ལས་མང་བོ་ཁུར་དུ་ལེན་དགོས་པའི་སྐུལ་མ་བཏང་། 

ཨེ་སི་པའོ་ཡིས་བཤད་རྒྱུར། ཧན་གོ་ནི་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྔར་ལས་མང་བའི་དམག་དོན་གྲོན་དངུལ་གྱི་འགྲོ་སོང་ཁུར་དུ་ལེན་འོས། ད་ལོའི་ལོ་མཇུག་གི་སྔོན་དུ་དམག་དོན་གྲོན་དངུལ་མཉམ་བགོའི་གྲོས་ཆོད་སྐོར་གྱི་གྲོས་མོལ་མཇུག་སྒྲིལ་བ་དེ་ཕྱོགས་གཉིས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། 

ཨེ་སི་པའོ་ཡིས་ཧན་གོའི་ཕྱོགས་ཀྱིས་བྱེ་བྲག་གི་དམག་དོན་གྲོན་དངུལ་ག་ཚོད་ཁག་ཁུར་བྱ་དགོས་པའི་རེ་བ་ཡོད་པ་གསལ་བོར་གླེང་མེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།